59169

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༢༩༣ ལོར་ཡབ་རིན་ཆེན་སྐྱབས་དང་། ཡུམ་ཞང་ལྕམ་མ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་བྱི་ཕྱི་ལོ་ ༡༣༦༠ ལོར་སྐུ་གཤེགས། གཞོན་དུས་སུ་མཁན་པོ་ཚུལ་དར་དང་། སློབ་དཔོན་ཞང་བཙུན་པུ་ཧྲངས་པ་གཉིས་ལས་རབ་ཏུ་བྱུང་། མཚན་ལ་གྲགས་པ་རྒྱལ་མཚན་དུ་གསོལ། མཁན་པོ་ཚུལ་དར་ལས་འདུལ་བའི་ཆོས་སྐོར་རྣམས་གསན། སྤྱན་སྔ་གཉིས་མཆོད་པ་གྲགས་པ་རིན་ཆེན་ལས་བཀའ་བརྒྱུད་པའི་གདམས་ངག་ཕྱག་ལེན་དང་བཅས་པར་ཞུས། བླ་མ་ལྷ་ཁང་པས་ཆོས་སྒོ་ཕྱེ་བ་ལས་དབང་ལུང་མང་དུ་ཞུས། བླ་མ་བྲག་པ་རིན་ཆེན་ལས་ཆོས་སྐྱོང་གི་སྐོར་རྣམས་གསན། བླ་མ་ཏི་སེ་བ་དར་མ་རྒྱལ་པོ་ལས་བཀའ་བརྒྱུད་ཀྱི་གདམས་ངག་གི་ཞིབ་ཆ་རྣམས་ལེགས་པར་གསན། བཅོ་བརྒྱད་པ་རབ་བྱུང་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༣༡༠ ལོར་ཕག་གྲུའི་གདན་སའི་སྤྱན་སྔའི་གོ་སར་ཕེབས། གདན་སའི་འགན་ཁུར་ལོ་ངོ་སོ་གསུམ་རིང་བཞེས། འཆད་ཉན་གྱིས་དགེ་འདུན་གྱི་ཚོགས་བསྐྱངས། བསྟན་འགྲོའི་དོན་རྒྱ་ཆེར་མཛད། རེ་བརྒྱད་པ་རབ་བྱུང་དྲུག་པའི་ལྕགས་བྱི་ཕྱི་ལོ་ ༡༣༦༠ ལོར་སྐུ་གཤེགས། ཕག་གྲུའི་གདན་རབས་བརྒྱད་པ་ཡིན། སློབ་མ་གྲགས་ཆེ་བ་ནི་བཅུ་གཉིས་གསར་མ་གྲགས་པ་ཤེས་རབ་དང་། བླ་མ་མཁར་ཐོག་པ། བླ་མ་སྣེའུ་བ། རྡོར་འཛིན་སངས་རྒྱས་རྒྱལ་མཚན། བླ་མ་མགོན་གཞོན་པ། མཚུངས་མེད་རིག་གཞོན་པ་བཅས་ཡིན།

{{#arraymap:ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་

|; |@@@ | | }}