60184

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞང་ལོ་གྲུབ་པ་དཔལ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་སྟོད་དུ་དབུས་སྡེར་ཞང་མདོ་སྡེ་གྲགས་ཀྱི་སྲས་སུ་འཁྲུངས། རབ་བྱུང་གསུམ་པའི་མེ་བྱ་ཕྱི་ལོ་ ༡༡༧༧ ལོར་སྐུ་གཤེགས། བྱིས་དུས་ཀྱི་མཚན་ལ་ཕུར་བ་སྐྱབས་ཟེར། དགུང་ལོ་བཅུ་བཞི་པར་བཤེས་གཉེན་་རྒྱ་སྒོམ་ལས་ཡི་གེའི་འབྲི་ཀློག་སྦྱངས་ཤིང་ཆོས་སྒོར་འཛུལ། ནཱ་རོ་ཆོས་དྲུག་སོགས་གསན། སློབ་དཔོན་མྱང་དང་། མངའ་བདག་མྱང་རལ། རྭ་སངས་རྒྱས་ཀུན་བཅས་ལས་རིམ་བཞིན་ཐུགས་རྗེ་ཆེན་པོ་མར་ལུགས་དང་། གཏེར་མའི་ཟབ་ཆོས། ཀྱེ་རྡོར་རྔོག་ལུགས་དང་། སྣུབས་ཀྱི་བསྟན་སྲུང་བཅས་གསན། ཞང་འཚལ་པ་ལས་སེམས་བསྐྱེད་དང་། ཏིང་ངེ་འཛིན་གྱི་དབང་། རས་པ་དབང་ངེ་ལས་ཡན་ལག་བདུན་ལྡན་སོགས་རས་ཆུང་པའི་གདམས་པ་མང་པོ་ཞུས། བང་སོ་བ་དང་། ལྷོ་བ་རྟ་སྒོམ། རྭ་རྡོ་དར། སློབ་དཔོན་བསོད་རྒྱལ། བླ་མ་རྡོ་རྗེ་སྐྱབས། མང་སྟོན་ཚུལ་ཁྲིམས་འབྱུང་གནས། མ་གཅིག་ཨོང་ངོ་བཅས་ལས་སྤུངས་པ་སྐོར་གསུམ། མར་དོའི་བདེ་མཆོག དུས་འཁོར་དང་འཇིགས་བྱེད། དགྱེས་རྡོར་རམ་ལུགས་དང་གསང་ལྡན། རྨོག་ཅོག་པའི་ཆོས་སྐོར། སྙན་བརྒྱུད། སྙན་བརྒྱུད་ཀྱི་གདམས་པ་དབང་དང་བཅས་རིམ་བཞིན་ཞུས། པཎ་ཆེན་ཤཱཀྱ་ཤྲཱི་དང་དཔྱལ་ལོ་གཉིས་ལས་བསྙེན་པར་རྫོགས། མཚན་ལ་གྲུབ་པ་དཔལ་བཟང་པོར་གསོལ། སློབ་དཔོན་རྒྱང་རོ་གཞོན་རིང་ལས་འདུལ་བ་དང་སྤྱོད་ཕྱོགས། བླ་མ་ཀོ་བྲག་པ་ལས་ལ་འབྲས་ཞམ་ལུགས། ཁྲོ་ཕུ་ལོ་ཙ་བ་ལས་རྣམ་སྲས་སོགས་གསན། ཆོས་ཞུས་པའི་བླ་མ་བདུན་ཅུ་ལྷག་ཙམ་ཡོད། བལ་ཡུལ་དུ་པཎ་ཆེན་རཏྣ་རཀྵི་ཏ་ལས་སྒྲ་ཚད་བསླབས། བོད་དུ་ཕྱིར་ཕེབས་ཏེ་དབེན་གནས་བོན་གྲོང་དུ་བསམ་གཏན་ལ་བཞུགས། ཆོས་ཀུན་བདེན་མེད་རྟོགས། གསུང་རྩོམ་ནི་མན་ངག་སྙེ་མཊཱིའི་ཀ་རིན་པོ་ཆེའི་གཏེར་མཛོད་དང་། བརྟག་གཉིས་ཀྱི་མཐའ་གཉིས་རྣམ་སེལ། རབ་གནས། བདུན་ཚིགས་གཟེར་ལྔའི་མན་ངག་སོགས་མང་དུ་མཛད། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་འཁོར་ལོ་སྡོམ་པའི་མངོན་པར་རྟོགས་པ་དང་། དཔལ་རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་བསྟོད་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་རིམ་པར་ཕྱེ་བ། སྒྲོལ་མ་ཚེ་འཕེལ་བའི་ཆོ་ག སྒྲོལ་མའི་ཁྲུས་ཀྱི་ཆོ་ག གསོ་སྦྱོང་གི་ཆོ་ག་བཅས་བཞུགས།
Synonyms ཕུར་བ་སྐྱབས། གྲུབ་པ་དཔལ་བཟང་པོ།

{{#arraymap:ཞང་ལོ་གྲུབ་པ་དཔལ་

|; |@@@ | | }}