60230

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞབས་དྲུང་གསུང་སྤྲུལ་ལྔ་པ་ཡེ་ཤེས་དངོས་གྲུབ་ (1)
Part of speech མིང་ཚིག
Definition འབྲུག་ཞབས་དྲུང་གསུང་སྤྲུལ་ལྔ་པ་ཡེ་ཤེས་དངོས་གྲུབ་མཆོག་ནི། འཁྲུངས་ཡུལ་བུམ་ཐང་སྡེ་བཞིའི་ནང་ཚན་སྟང་ཡུལ་དུ། རབ་བྱུང་བཅུ་བཞི་པའི་ལྕགས་ཕག་ ༡༨༥༡ ལོར་འཁྲུངས། མཁན་ཡོན་ཏན་རྒྱལ་མཚན་དང༌། ཡོངས་འཛིན་ངག་དབང་དོན་ལྡན་སོགས་ལས་བསླབ་ཚིགས་ནས་བཟུང་མདོ་སྔགས་རིག་གནས་དང༌། སྨིན་གྲོལ་གདམས་པའི་གནད་རྣམས་བཅུད་དུ་སྨིན་པར་མཛད། གསང་ཆེན་ཆོས་འཁོར་གྱི་གདན་ས་བཟུང་ནས་ཁྲིད་ཐེངས་བཅུ་གསུམ་ཙམ་གྱིས་གདུལ་བྱ་བསྐྱངས། དགུང་ལོ་ང་གསུམ་པར་སྡེ་ཁྲིར་བྱོན། ང་དྲུག་པ་སྡེ་འགན་བཞག་ནས་དབེན་པར་གཞོལ། དེ་སྐབས་སྤ་གྲོ་ཀུན་དགའ་ཆོས་གླིང་གི་གདན་ས་བཏབ། སླར་རེ་ལྔ་པ་ལ་རྗེ་མཁན་རབས་ང་གསུམ་པའི་ཁྲིར་ཕེབས། ཁྲི་ལོ་གཉིས་བཟུང་བའི་མཐར། རེ་བདུན་པ་མེ་སྦྲུལ་ ༡༩༡༧ ལོར་ཞབས་དྲུང་རིན་པོ་ཆེའི་དམར་གདུང་གཉན་པོ་ཞལ་ཕྱེ་བའི་རྐྱེན་གྱིས་གཤེགས་སོ། །དེ་ནས་གསུང་སྤྲུལ་དྲུག་པ་འཇིགས་མེད་བསྟན་འཛིན་བྱོན་ཀྱང་གཞུང་དུ་གདན་འདྲེན་ཆེ་འདོན་མ་མཛད་པར་གྲགས་སོ། །

{{#arraymap:ཞབས་དྲུང་གསུང་སྤྲུལ་ལྔ་པ་ཡེ་ཤེས་དངོས་གྲུབ་

|; |@@@ | | }}