60447

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞལ་སྔ་འཇམ་དབྱངས་ཆོས་འཕེལ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བདུན་པའི་དཀྱིལ་དུ་སྲད་ཡུལ་ལ་འཁྲུངས། གཞོན་དུས་ནས་བཆོས་སྒོར་ཞུགས་ཏེ་རབ་བྱུང་། བཀྲ་ཤིས་ལྷུན་པོར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་ཚད་མ་རྣམ་འགྲེལ་མཁས་པར་སྦྱངས། སྡེ་བདུན་མདོ་དང་བཅས་ལ་མཁས་པའི་གདེང་ཐོབ། གཞུང་ཆེན་པོ་གཞན་རྣམས་ལ་རིམ་པར་སྦྱངས། ཕུལ་དུ་ཕྱིན་པའི་མཁས་པར་གྱུར། དབུས་སུ་དམ་བཅའ་མཛད། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ལས་རྒྱུད་སྡེ་བཞི་དང་། བྱང་ཆུབ་ལམ་རིམ། དབེན་ས་སྙན་བརྒྱུད་བཅས་གསན། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ཐོས་བསམ་གླིང་གི་གདན་སར་བསྐོས། གཞུང་ལུགས་ཆེན་པོའི་འཆད་ཉན་མཛད། སྔགས་ཁང་གི་གདན་སར་བཞུགས། ཞི་བར་མ་གཤེགས་པར་གསང་སྔགས་ཀྱི་འཆད་ཉན་མཛད། སློབ་ཕྲུག་མང་དུ་བསྐྱངས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཞེ་བརྒྱད་པ་ཡིན།
Synonyms སྲད་འཇམ་དབྱངས་ཆོས་འཕེལ།

{{#arraymap:ཞལ་སྔ་འཇམ་དབྱངས་ཆོས་འཕེལ་

|; |@@@ | | }}