60586

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞི་བྱེད་སངས་རྒྱས་རས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ཆུ་ཕག་ཕྱི་ལོ་ ༡༢༠༣ ལོར་ཕུ་ཐང་འཁུན་པ་སའི་ཞིང་ཚིགས་སུ་ཡབ་མཁའ་འགྲོ་དང་། ཡུམ་སྲུན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་འབྲིང་ཡིན། རབ་བྱུང་ལྔ་པའི་ལྕགས་འབྲུག་ཕྱི་ལོ་ ༡༢༨༠ ལོར་སྐུ་གཤེགས། གཞོན་དུས་རྒྱལ་བ་ཏེན་ནེལས་དབང་དང་བྱིན་རླབས་མནོས། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ལྔ་ལྡན་ཞུས། ཉེར་གསུམ་པར་རོག་ཞིག་པོ་རིན་ཆེན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ལ་རིན་ཆེན་སྨོན་ལམ་ཞེས་བསྩལ། སློབ་དཔོན་སྟོན་པ་སོགས་ལས་བསྙེན་པར་རྫོགས། ཞི་བྱེད་ཀྱི་དབང་ཁྲིད་རྣམས་ཀྱང་ཞུས། སློབ་དཔོན་ཡོན་བཙུན་དང་། འབྲི་གུང་དབོན་རིན་པོ་ཆེ། ཁམས་སྒོམ་ཞིག་པོ། ཁྲོ་ཕུ་བ། གྲུབ་ཐོབ་སེང་གེ་ཡེ་ཤེས། སྤྱན་སྔ་གངས་དཀར་བ། སློབ་དཔོན་ཀླུ་སྒོམ་ལས་གདམས་ངག་མ་ལུས་ཞུས། གངས་དཀར་ཏི་སི་སོགས་གནས་རི་རྣམས་སུ་སྒོམ་སྒྲུབ་པ་ཉམས་ལེན་མཛད། མ་ངོན་རྟོགས་འཁྲུངས། ཞག་རེ་ལ་རླུང་འཛིན་ཐེངས་རེས་ཆོག་པ། སྐྱིལ་ཀྲུང་ནམ་མཁའ་ལ་ཐེག་པ། རྐང་མགྱོགས་ཀྱི་ཆ་གྲུབ་པ་བཅས་བརྗོད་ཀྱིས་མི་ལངས་བ་ཡོད། ཚར་མ་དགོན་པའི་གདན་སར་བྱོན། དགེ་འདུན་མང་ཚོགས་བསྐྱངས། གྱ་བརྒྱད་པ་རབ་བྱུང་ལྔ་པའི་ལྕགས་འབྲུག་ཕྱི་ལོ་ ༡༢༨༠ ལོར་སྐུ་གཤེགས། སློབ་མ་གཙོ་བོ་ནི་མྱང་འབན་པོ་དྷརྨ་སིདྷ་ཡིན། ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན།
Synonyms སངས་རྒྱས་རས་པ་རིན་ཆེན་སྨོན་ལམ།

{{#arraymap:ཞི་བྱེད་སངས་རྒྱས་རས་པ་

|; |@@@ | | }}