60847

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་གླང་ཕྱི་ལོ་ ༡༦༩༧ ལོར་ཁམས་སྡེ་དགེའི་ལྡན་ཁོག་གསེར་ལྡན་ས་དཀར་གྱི་ཡུལ་དུ་ཡབ་ཀུན་དགའ་འཕེལ་ལམ་མིང་གཞན་ལྷ་བཟོ་ངག་དབང་ཆོས་འཕེལ་དང་། ཡུམ་བུ་ཆོག་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ཁུ་བོ་ལས་ཡི་གེའི་འབྲི་ཀློག་སྦྱངས། ས་དགོན་དུ་གྲྭ་བཙུན་མཛད། བཅུ་གཅིག་པར་དྲུང་པ་ཀུན་དགའ་རྒྱ་མཚོལ་ས་དགེ་ཚུལ་བསྒྲུབས། ཚེ་བྷྲུཾ་དགོན་དུ་ཀརྨ་མཐུ་སྟོབས་དང་། དགེ་བཤེས་སངས་རྒྱས་ཆོས་འཕེལ། རབ་འབྱམས་པ་བསོད་ནམས་བསྟན་པ་བཅས་ལས་རིམ་བཞིན་སྒྲ་དང་། སྙན་ངག རྩིས་དཀར་ནག། ཚད་མ་སོགས་ལ་སྦྱངས། །དགུང་ལོ་ཉེར་དགུ་བ་ཤིང་སྦྲུལ་ཕྱི་ལོ་ ༡༧༢༥ ལོར་གཙང་ས་ངོར་གྱི་གདན་ས་ཕེབས། ངོར་དགོན་ཁང་གསར་བླ་བྲང་གི་དྲུང་ཡིག་མཛད་དེ་ལོ་བཞི་ལྷག་ཙམ་བཞུགས། ངོར་མཁན་པོས་ཚུལ་ཁྲིམས་རིན་ཆེན་ཞེས་མཚན་གསོལ། དགུང་ལོ་སོ་བཞི་པ་ལྕགས་ཁྱི་ཕྱི་ལོ་ ༡༧༣༠ ལོར་མཁན་པོ་བཀྲ་ཤིས་ལྷུན་གྲུབ་ལྷན་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྡེ་དགེའི་པར་ཁང་ཆེན་མོའི་ཞུ་དག་མཔར་བསྐོས། ས་ཕྱོགས་ཀུན་གྱི་དཔེ་ཆ་བསྡུ་རུབ་དང། སྐུ་ཚེ་གང་ལ་བསྟན་འགྱུར་ཆེན་མོ་ལ་འབྲུ་དག་པ་དང་ཆད་ལྷག་མེད་པ་ཞུ་དག་གང་མཛད། རབ་བྱུང་བཅུ་གསུམ་པའི་ཤིང་རྟ་ཕྱི་ལོ་ ༡༧༧༤ ལོར་སྐུ་གཤེགས། གསུང་རྩོམ་ནི་བསྟོད་ཚོགས་གསུམ་འཕར་མ་དང་། རྣམ་ཐར་སྐོར། དཀར་ཆག ཆབ་ཤོག་གི་སྡེ་ཚན་སོགས་པོ་ཏི་བཅུ་གསུམ་བཞུགས།
Synonyms ངག་གི་དབང་པོ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། ཀུན་དགའ་བསོད་ནམས། ཞུ་ཆེན་ལོ་ཙཱ་བ། ཞུ་ཆེན་མཁན་པོ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཚུལ་ཁྲིམས་རིན་ཆེན།

{{#arraymap:ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་

|; |@@@ | | }}