61038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞེན་པ་བཞི་བྲལ་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཞེན་པ་བཞི་བྲལ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་ཐོག་མ་ཡིན། བརྗོད་བྱ་ནི། ཞེན་པ་བཞི་བྲལ་གྱི་དོན་བསྡུས་ཏེ་བསྟན་ཡོད། བརྒྱུད་པ་ནི། ཇོ་ནང་ཁྲིད་བརྒྱའི་བརྒྱུད་འདེབས་མཚན་སྡོམ་ལས། ཤཱཀྱ་ཐུབ་འཇམ་དབྱངས་ས་ཆེན་ཀུན་དགའ་སྙིང་། བསོད་རྩེ་བྲག་རྒྱལ་ས་སྐྱ་པཎ་ཊི་ཏ། ཆོས་འཕགས་དཀོན་མཆོག་དཔལ་དང་བྲག་ཕུག་པ། བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། ཤར་ཆེན་ཡེ་རྒྱལ་ངོར་ཆེན་ཀུན་དགའ་བཟང་། རྒྱལ་ཚབ་ངག་དབང་ཀུན་དགའ་མཆོག་གྲུབ་རྗེ། ཞེས་དང་། བརྒྱུད་པའི་ཆུ་བོ་ཀུན་འདུས་གྲོལ་མཆོག་རྗེ། ཆོས་ཉིད་གཉུག་མའི་དོན་གཟིགས་ལྷ་དབང་གྲགས། མདོ་རྒྱུད་ཤིང་རྟ་ཆེན་པོ་སྒྲོལ་བའི་དགོན། ཁར་སྤྱོད་གྲུབ་གཙོ་འཕྲིན་ལས་དཔལ་དབང་མོ། རིན་ཆེན་རྒྱ་མཚོ་གནས་བརྟན་རྡོ་རྗེ་འཛིན། སྙིང་པོ་མཐའ་ཡས་གྲུབ་གཉིས་སྦས་པའི་གཙོ། འཁོར་ལོའི་མགོན་པོ་བརྩེ་ཆེན་ཀུན་བཟང་དབང་། ཚེ་དབང་ནོར་བུ་ངག་དབང་རྣམ་པར་རྒྱལ། ཀུན་བཟང་ཆོས་འབྱོར་དྲིན་ཅན་མཐུ་སྟོབས་མཚན། ལྕགས་ཟམ་པ་དང་བློ་གསལ་རི་ཁྲོད་པ། རྩ་བརྒྱུད་བླ་མ་རྣམས་པ་གསོལ་བ་འདེབས། ཞེས་སོགས་བྱུང་། རྗེ་བཙུན་གྲོལ་མཆོག ནས། རྣམས་ལ་གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ནུབ་པ་རིག་འཛིན་གྲགས་ཀྱི་མཛད་པ་ལས་བཏུས་ཤིང་། ཆོས་རྗེ་དཔལ་ལྡན་ས་སྐྱ་པཎྚི་ཏའི་གསུང་གི་ཕྲ་བཏབ་པའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཞེན་པ་བཞི་བྲལ་གྱི་ཁྲིད་

|; |@@@ | | }}