61163

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞྭ་དམར་བ་གྲགས་པ་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་ལུག་ཕྱི་ལོ་ ༡༢༨༣ ལོར་ཡུལ་སྤོམ་པོར་ཡབ་སྟག་ཆུང་དང་། ཡུམ་ཨ་རྒོད་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། རུས་དབྲང་གུ་ཡིན། དགུང་ལོོ་བཞི་པར་སྒྲོལ་མ་དཀར་ལྗང་དང་ཡི་དམ་གྱི་ལྷ་མང་པོས་ཞལ་གཟིགས། ཆུང་དུས་ནས་ཡུམ་གྱིས་ལོ་ཏོག་ལ་བྱིའུ་འགོག་པར་བཅོལ་ཚེ་བྱེའུར་བཀའ་བསྒོས་ཤིང་རྡོར་ཞབས་རྗེ་བཞག དེང་སང་ཡང་བྱིའུ་འགོག་མི་དགོས་པར་ཡོད། བཅུ་གསུམ་པར་བླ་མ་བློ་གྲོས་གྲགས་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་གྲགས་པ་སེང་གེ་ཞེས་གསོལ། དེ་ལས་ཆོས་དྲུག་གསན་ནས་བསྒོམས་རྟོགས་བརྙེས། བཅུ་བདུན་པར་བླ་མ་ཡེ་ཤེས་སེང་གེ་ལས་རབ་བྱུང་བསྒྲུབས། ལྷན་སྐྱེས་དང་། ཇོ་མོ་ཧྲཱི༔བསྐྱེད་བཅས་གསན། ཉེར་གསུམ་པ་ནས་གསང་ཕུ་ནས་བླ་ཆོས་པ་འཇམ་དབྱངས་ཤཱཀྱ་གཞོན་ནུ་དང་། སློབ་དཔོན་བློ་གྲོས་མཚུངས་མེད་ལས་ཕར་ཕྱིན་དང་། ཚད་མ་སོགས་ལོ་དྲུག་རིང་སྦྱངས། དབུས་གཙང་གི་གྲྭ་སྐོར་མཛད། ཉེར་བརྒྱད་པར་རྗེ་རང་བྱུང་རྡོ་རྗེ་ལས་བཀའ་བརྒྱུད་སྡེ་རིན་པོ་ཆེའི་གདམས་པ་མ་ལུས་པ་གསན། སློབ་དཔོན་བསོད་ནམས་སེང་གེ་ལས་ལྔ་ཚན་ལྔའི་དབང་རྣམས་དང་སྒྲུབ་ཐབས་རྣམས་ཞུས། མཁན་ཆེན་གཞོན་ནུ་བྱང་ཆུབ་དང་སློབ་དཔོན་བཀྲ་ཤིས་རིན་ཆེན་སོགས་ལས་བསྙེན་པར་རྫོགས། བྱང་སེམས་རྒྱལ་བ་ཡེ་ཤེས་དང་རིག་འཛིན་ཀུ་མ་རཱ་ཛ་སོགས་ལས་སྦྱོར་དྲུག་དང་རྫོགས་ཆེན་གསན། བལ་ཡུལ་དུ་ཕེབས་ཏེ་སྒྲུབ་པ་རྩེ་གཅིག་ཏུ་མཛད། རྗེ་རང་བྱུང་རྡོ་རྗེའི་དྲུང་དུ་སྒོམ་ཆེན་བརྒྱད་བརྒྱ་ཙམ་གྱི་ནང་ནས་རྟོགས་པ་མཐོ་ཤོས་སུ་གྲགས། ཉམས་སྣང་དང་གཟིགས་སྣང་བརྗོད་ཀྱིས་མི་ལངས། རྗེ་རང་བྱུང་རྡོ་རྗེའི་བཀའ་ལྟར་ལྔ་བཅུ་ཐམ་པར་གནས་ནང་དུ་རི་ཁྲོད་ཕྱག་བཏབ། ཚོགས་པ་བསྐྱངས། རྗེ་རང་བྱུང་རྡོ་རྗེས་བཀའ་ཤོག་དང་། ཞྭ་དམར་སོགས་གནང་འབྱོར་བྱུང་བ་ཕྱག་ཏུ་འཕྲོད། རེ་བདུན་པ་རབ་བྱུང་དྲུག་པའི་ས་གླང་ཕྱི་ལོ་ ༡༣༤༩ ལོར་སྐུ་གཤེགས། ཞྭ་དམར་བའི་སྐུ་ཕྲེང་དང་པོ་ཡིན། སློབ་མ་གྲགས་ཆེ་བ་ནི་རྟོགས་ལྡན་མགོན་རྒྱལ་བ་དང་། འཇམ་དབྱངས་ཆོས་རྡོར་བ། གཡག་སྡེ་པཎ་ཆེན། མཁས་གྲུབ་དར་མ་རྒྱལ་མཚན་བཅས་ཡིན།
Synonyms རྟོགས་ལྡན་གྲགས་པ་སེང་གེ།

{{#arraymap:ཞྭ་དམར་བ་གྲགས་པ་སེང་གེ་

|; |@@@ | | }}