61165

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ཆུ་བྱ་ཕྱི་ལོ་ ༡༤༥༣ ལོར་མདོ་སྨད་ཏྲེ་ཤོད་ཁང་དམར་དུ་རིགས་རུས་ལེགས་པའི་ཡབ་ཡུམ་གྱི་སྲས་སུ་འཁྲུངས། འཁྲུངས་མ་ཐག་ནས་ངོ་མཚར་བའི་ལྟས་དུ་མ་བྱུང་། དགུང་ལོ་བརྒྱད་པར་རྗེ་ཆོས་གྲགས་རྒྱ་མཚོས་གཙུག་ཕུད་བཞེས། མཚན་ལ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོ་ཞེས་གསོལ། རྗེ་ཆོས་གྲགས་རྒྱ་མཚོ་དང་། བླ་མ་འཇམ་དབྱངས་བཟང་པོ། གུ་ཤྲཱི་དཔལ་འབྱོར་དོན་གྲུབ། བླ་མ་རྒྱལ་མཚན་པ་སོགས་ལས་རྡོ་རྗེ་ཕྲེང་བ་སོགས་དབང་དང་། བཀའ་འབུམ། ཁྲིད་ཁ་བཅས་མང་དུ་གསན། ཉི་ཤུ་པར་བླ་མ་གཞོན་ནུ་དཔལ་ལས་བསྙེན་པར་རྫོགས་། བླ་མ་འཇམ་དཔལ་བཟང་པོ་ལས་དབང་ཁྲིད་མན་ངག་དུ་མ་གསན། མནལ་ལམ་དུ་དབྱངས་ཅན་མ་རྨིས་པས་སྙན་ངག་མཁྱེན་ཅིང། གསུང་རབམ་ལུས་མཁྱེན་པའི་ཡེ་ཤེས་མངའ། མདོ་ཁམས་ལྷོ་རོང་ཆེན་བཅོ་བརྒྱད་ནས་ཟི་ལིང་མཁར་གྱི་བར་དུ་ཞབས་ཀྱིས་བཅགས། གདུལ་བྱ་རྣམས་ཆོས་འཆད་གནང་། ཧོར་གྱི་ཡུལ་དུ་ཧོར་ཀླུངས་པ་རྣམས་གདུལ་བྱར་གྱུར། ཨ་རམ་གྱི་སྡིག་ལས་ཆེན་པོའི་རྒྱུན་བཅད། དགེ་སློང་ལ་གུས་པ་བྱེད་དུ་བཅུག་སྟེ་དམ་པའི་ཆོས་སྒོར་བཙུད། ཡངས་པ་ཅན་དུ་ཆོས་སྡེ་བཏབ་ཅིང་བཤད་སྒྲུབ་གྲྭ་བཙུགས། ལོ་ངོ་ཉིི་ཤུའི་རིང་སྡེ་སྲིད་སྤྱན་སྔའི་འགན་ཁུར། རབ་བྱུང་དགུ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༥༢༤ ལོར་སྐུ་གཤེགས། ཞྭ་དམར་བའི་སྐུ་ཕྲེང་བཞི་བ་ཡིན།

{{#arraymap:ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་

|; |@@@ | | }}