61243

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟ་མ་བུད་མེད་རྩིས་ (1)
Part of speech མིང་ཚིག
Definition རྒྱའི་སྐོར་འགོ་བཅོ་ལྔ་ལས་ཟངས་ཀྱི་སྲིན་མོ་དམར་མོའི་གཟུངས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་བའི་བུད་མེད་རྣམས་ཀྱི་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་མོ་ཡིན་ན་བྱི་བ་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་བུར་འགྲོ་བ་དེ་དང་། མོ་ལོ་ཡིན་ན་གླང་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་བུར་འགྲོ་བ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ཐོག་མ་སྟེ་དང་པོ་ཡིན་ཞིང་། རྡེའུ་དེས་དཔལ་ཉི་སྒོ་རུ་ནུབ་མ་ནུབ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ནུབ་པས་བཟང་། ནག་པོ་བྱུང་ན་ནུབ་པས་བུ་ནོར་གཉིས་ཀའི་སར་ངན། རྩིས་གཞི་དེའི་མར་གྱི་བཞི་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཉིས་པ་ཡིན་ཞིང་། རྡེའུ་དེས་དར་དཀར་ཤམ་བུ་ཟགས་མ་ཟགས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ཟགས་པས་བཟང་། ནག་པོ་བྱུང་ན་ཟགས་པས་སྐྱེས་པ་གཉིས་གསུམ་གྱི་ངོར་བལྟ་ཞིང་གཏན་གྲོགས་ལ་ངན། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གསུམ་པ་ཡིན་ཞིང་། རྡེའུ་དེས་མཚོ་གཡུའི་ལུང་ཐག་ཆད་མ་ཆད་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ཆད་པས་བཟང་། ནག་པོ་བྱུང་ན་ཆད་པས་བུ་མོ་མང་ཞིང་བུ་ཉུང་། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བཞི་པ་ཡིན་ཞིང་། རྡེའུ་དེས་སྲིད་ཀྱི་ཆུ་མིག་བསྐམས་མ་བསྐམས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་བསྐམས་པས་བུ་ཚར་བཟང་། ནག་པོ་བྱུང་ན་བསྐམས་པས་བུ་ཚ་མི་འཕེལ་བར་ཤི་ཆད་འབྱུང་། རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ལྔ་པ་ཡིན་ཞིང་། རྡེའུ་དེས་མའི་པང་ནས་བུ་ཤོར་མ་ཤོར་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ཤོར་བས་བུ་ཚ་ཆད་ལྷག་མེད། ནག་པོ་བྱུང་ན་ཤོར་བས་བུ་ཚ་འདྲེ་ཡིས་འཁྱེར། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་དྲུག་པ་ཡིན་ཞིང་། རྡེའུ་དེས་གསོན་འདྲེ་རྒྱུན་དུ་གནོད་མི་གནོད་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མི་གནོད་པས་བཟང་། ནག་པོ་བྱུང་ན་གནོད་པས་བུ་ཚ་མི་སོས། བཅོས་རིམ་ལ་གསོན་འདྲེ་ཁ་བསྒྱུར་དང་མནན་པ་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བདུན་པ་ཡིན་ཞིང་། རྡེའུ་དེས་ཆུང་སྲི་ལངས་མ་ལངས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ལངས་པས་བཟང་། ནག་པོ་བྱུང་ན་ལངས་པས་སྲི་གནོན་ཁ་བསྒྱུར་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་བརྒྱད་ཀྱི་གཞུག་མ་སྟེ་བརྒྱད་པ་ཡིན་ཞིང་། རྡེའུ་དེས་ཐེའུ་བྲང་འབྱུང་པོས་བསྲིས་ལ་རྐུ་མི་རྐུ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མི་རྐུ་བས་བུ་ཚ་འཕེལ། ནག་པོ་བྱུང་ན་རྐུ་བས་བསྲིས་འཕེལ་དང་ཐེའུ་བྲང་སྐྱས་མདོས་བྱ་དགོས། གལ་སྲིད་བརྩི་བྱ་ཤིང་ཁྱི་ལོ་མ་ཞིག་མོ་ལོ་ཉེར་བརྒྱད་ལ་སོན་དུས་དེར་རྩིས་འདི་བསྐོར་བར་ཆ་བཞག་ན། ལོ་རྟགས་ཁྱི་ཕོ་ལོ་དང་དབང་ཁམས་ཤིང་བུ་མེ་ཡིན་པས་མེ་བྱི་སྐོར་འགོར་འཛིན་དགོས། སྐོར་འགོ་དེ་ནས་གཡོན་བསྐོར་ལ་རང་ལོ་ཉེར་བརྒྱད་བགྲངས་ན་འབབ་པའི་ལོག་མེན་ལྟ་བུ་དེ་ས་བྱ་ཡིན་པས། ས་བྱ་ནི་ཡར་དང་མར་ལ་བགྲངས་སའི་ལྟེ་བ་རྩིས་གཞི་ཡིན། རྩིས་གཞི་ས་བྱའི་ཡར་གྱི་བཞི་པ་མེ་རྟའི་སྲོག་ཁམས་མེ་ལ་བརྩི་བྱའི་སྲོག་ཁམས་སས་འཐབ་པའི་རྡེའུ་དཀར་བས་དཔལ་ཉི་སྒོ་རུ་མ་ནུབ་པ་ལྟ་བུ་དང་། མར་གྱི་བཞི་པ་ཆུ་བྱིའི་ལུས་ཁམས་ཤིང་ལ་བརྩི་བྱའི་ལུས་ཁམས་མེ་ཡིས་འཐབ་པའི་རྡེའུ་དཀར་བས་དར་དཀར་ཤམ་བུ་མ་ཟགས་པ་ལྟ་བུ། ཡར་གྱི་བཅུ་གཅིག་པ་ས་ཕག་གི་དབང་ཁམས་ས་ལ་བརྩི་བྱའི་དབང་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་མཚོ་གཡུའི་ལུང་ཐག་མ་ཆད་པ་ལྟ་བུ། མར་གྱི་བཅུ་གཅིག་པ་ས་ལུག་གི་ཀླུང་ཁམས་མེ་ལ་བརྩི་བྱའི་ཀླུང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་ནག་པས་སྲིད་ཀྱི་ཆུ་མིག་བསྐམས་པ་ལྟ་བུ། ཡར་གྱི་བདུན་པ་ཆུ་ཡོས་ཀྱི་སྲོག་ཁམས་ཤིང་ལ་བརྩི་བྱའི་སྲོག་ཁམས་སས་འཐབ་པའི་རྡེའུ་ནག་པས་མའི་པང་ནས་བུ་ཤོར་བ་ལྟ་བུ། མར་གྱི་བདུན་པ་ཤིང་ཡོས་ཀྱི་ལུས་ཁམས་ཆུ་ལ་བརྩི་བྱའི་ལུས་ཁམས་མེ་ཡིས་འཐབ་པའི་རྡེའུ་ནག་པས་གསོན་འདྲེ་རྒྱུན་དུ་གནོད་པ་ལྟ་བུ། རྩིས་གཞི་ས་བྱ་ཉིད་ཀྱི་དབང་ཁམས་ས་ལ་བརྩི་བྱའི་དབང་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་ཆུང་སྲི་མ་ལངས་པ་ལྟ་བུ། ཡང་རྩིས་གཞི་ས་བྱའི་ཀླུང་ཁམས་ཆུ་ལ་བརྩི་བྱའི་ཀླུང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་ནག་པས་ཐེའུ་བྲང་འབྱུང་པོས་བསྲིས་ལ་རྐུ་བ་ལྟ་བུ་ཡིན།
Domain རྩིས་རིག

{{#arraymap:ཟ་མ་བུད་མེད་རྩིས་

|; |@@@ | | }}