61404

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟངས་ (1)
Part of speech མིང་ཚིག
Definition ལྕགས་ཀྱི་རིགས་རང་བཞིན་མཉེན་པོ་དང་མདོག་དམར་པ་ཡིན། ས་འོག་ནས་རང་བྱུང་གསེར་ལྟར་འབྱུང་བ་མཆོག་དང་། ཟངས་རྡོ་བཞུས་ནས་བྱུང་བ་ཕལ་བ་ཡིན། གློག་དང་དྲོད་འདྲེན་པའི་ནུས་པ་ཆེ། ཁ་དོག་དམར་ནག་གྱོང་ལ། རྡུང་ཚེ་སྒྲ་ངན་པ་ལ་ལྕགས་ཟངས་སམ་ཕོ་ཟངས་ཟེར། དམར་ལ་མཉེན་པ་རྡུང་ཚེ་སྒྲ་བཟང་བ་ལ་གསེར་ཟངས་སམ་མོ་ཟངས་ཟེར། སྨན་དུ་ཕལ་ཆེར་ཐལ་སྨན་བྱ་དགོས། རོ་མངར། ཞུ་རྗེས་བསིལ། ནུས་པའི་གློ་རྣག་དང་། ཆུ་སེར་དང་། མཆིན་ཚད་སེལ།
Keyword True
Synonyms ཟངས་མ། ཀླ་ཀློ་ཁ། འཁྱོགས་མྱུར། ལྕགས་དམར། དམར་པོ། འཇོན་དམར། ཉི་མའི་ལུས། དམར་མཆོག དམར་ཐལ། ཟངས་དམར། དམར་རུག ཡོངས་སྐྱོབ། རཾཏྲཾ།

{{#arraymap:ཟངས་

|; |@@@ | | }}

ཟངས་ (2)
Part of speech མིང་ཚིག
Definition ཟངས་ལས་བཟོས་པའི་ཆུ་སྣོད་དམ་ཐབ་ཆས་ཏེ།
Example ཟངས་པའི་ནང་དུ་ཇ་བསྐོལ། ཟངས་རྐྱན། ཆུ་ཟངས་ཞེས་པ་ལྟ་བུ།

{{#arraymap:ཟངས་

|; |@@@ | | }}

ཟངས་ (3)
Part of speech མིང་ཚིག
Definition ཞང་སྐད། ཀླུ་ལ་གོ

{{#arraymap:ཟངས་

|; |@@@ | | }}

ཟངས་ (4)
Part of speech མིང་ཚིག
Definition ལྕགས།

{{#arraymap:ཟངས་

|; |@@@ | | }}