61627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟམ་ཚ་གསར་ཁྲི་སྐུ་ཕྲེང་བཞི་བ་འཇིགས་མེད་བསམ་འགྲུབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་བའི་ཆུ་སྦྲུལ་ཕྱི་ལོ་ ༡༨༣༣ ལོར། མདོ་སྨད་ཁོ་ཚེར་ཡབ་བདེ་ལེགས་དང་ཡུམ་མགོན་པོ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་སྡེ་ཁྲི་རིན་པོ་ཆེས་ཁུར་བཞེས་ཀྱིས་ཡུང་ཧོ་དགོན་པའི་རྟེན་གཙོ་སློབ་དཔོན་ཀླུ་སྒྲུབ་ཀྱི་འབྲལ་སྤངས་ཐུབ་དབང་མདུན་གོང་མའི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བཅུ་གཅིག་ཐོག་གདན་སར་བཀོད། དགུང་ལོ་བཅུ་གཉིས་སྟེང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། དགུང་གྲངས་ཉི་ཤུའི་སྟེང་ཀུན་མཁྱེན་ཪིན་པོ་ཆེའི་མདུན་ནས་བསྙེན་པར་རྫོགས། ལོ་དེར་རྒྱ་ནག་གོང་མས་གདན་ཞུས་ལྟར་པེ་ཅིང་དུ་ཕེབས། ཕུ་ཐན་ནམ་ཐམ་ཀ་བླ་མ་ཆུང་བ་ལོ་གསུམ་དང་ཆེ་བའང་མཛད། དུས་སྐབས་དེར་ཆང་མོའི་དམག་བཞི་འབུམ་ལྷག་པེ་ཅིང་དུ་ལེ་བར་སུམ་བརྒྱའི་མཚམས་སུ་སླེབས་ནས་དམག་འཁྲུགས་བསླངས་པ་རྗེ་འདིའི་མཐུས་ཞི་བར་མཛད་པས་གོང་མས་བདག་རྐྱེན་མང་དུ་མཛད། པེ་སིའི་ཧོར་ཤུལ་སོགས་སུ་དུས་འཁོར་དབང་ཆེན་སོགས་ཆོས་བཀའ་ཅི་རིགས་གནང་ཞིང་གྲྭ་ཚང་ཡང་བཙུགས། དགུང་ལོ་སོ་གསུམ་ཐོག་བཀྲ་ཤིས་འཁྱིལ་གྱི་ཁྲིར་བཞུགས་ནས་ལོ་དྲུག་ལྷག་བསྐྱངས། དགུང་ལོ་ཞེ་གཉིས་བཞེས་པ་ཤིང་ཁྱི་ཕྱི་ལོ་ ༡༨༧༤ ལོར་སྐུ་ཞི་བར་གཤེགས།

{{#arraymap:ཟམ་ཚ་གསར་ཁྲི་སྐུ་ཕྲེང་བཞི་བ་འཇིགས་མེད་བསམ་འགྲུབ་རྒྱ་མཚོ་

|; |@@@ | | }}