61924

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟུར་ཆོས་དབྱིངས་རང་གྲོལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་ཤིང་འབྲུག་ཕྱི་ལོ་ ༡༦༠༤ ལོར་འབྲོམ་ཆུ་རིགས་རྒྱུད་དུ་ཡབ་ཟུར་གཞོན་ནུ་དོན་གྲུབ་དང་། ཡུམ་ཡིད་འཛིན་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ཆོས་རྗེ་ནོར་བུ་ཞེས་ཞུ། དགུང་ལོ་བདུན་པར་ཆོས་རྗེ་ངག་དབང་ཡེ་ཤེས་གྲུབ་པས་གཙུག་ཕུད་བཞེས། མཚན་ལ་ངག་དབང་བཀྲ་ཤིས་ཀུན་དགའ་ཞེས་གསོལ། ཡབ་ཀྱི་དྲུང་དུ་ཡི་གེའི་སྦྱོར་ཀློག་དང་རྙིང་ཆོས་མང་དུ་གསན། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་མནོས། མཚན་ལ་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཞེས་གསོལ། ཉི་ཤུ་པར་འཁོན་སྟོན་ལས་ཚིགས་སྔ་མ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མདོ་སྔགས་གཉིས་མཁས་པར་སྦྱངས། རྩེས་ཐང་གི་གྲྭ་སྐོར་མཛད། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལས་བྱང་ཆུབ་ལམ་རིམ་དང་བདེ་མཆོག་སྦས་དོན་ཀུན་གསལ་སོགས་མདོ་སྔགས་གཞུང་མང་སྦྱངས། རྗེ་ཕ་བོང་ཁ་པ་ལས་བཀའ་གདམས་གླེགས་བམ་དང་སྔགས་རིམ་ཆེན་མོ་སོགས་ཀྱི་དབང་ལུང་ཁྲིད་གསུམ་ཞུས། ཡེར་པ་སྤོས་དགའ་དང་གུང་ཐང་ཆོས་ཁྲི་ལྷོ་ལྕོག་གི་གདན་སའི་འཆད་ཉན་བསྐྱངས། རྒྱལ་བ་བློ་བཟང་རྒྱ་མཚོར་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་ཕུལ། ང་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་བྱ་ཕྱི་ལོ ༡༦༥༧ ལོར་སྐུ་གཤེགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་རེ་གསུམ་ཡིན།
Synonyms ཆོས་རྗེ་ནོར་བུ། ངག་དབང་བཀྲ་ཤིས་ཀུན་དགའ། ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས།

{{#arraymap:ཟུར་ཆོས་དབྱིངས་རང་གྲོལ་

|; |@@@ | | }}