61930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ (1)
Part of speech མིང་ཚིག
Definition རབ་བྱུང་མ་ཚུགས་པའི་ཆུ་སྟག་ཕྱི་ལོ་ ༡༠༠༢ ལོར་འཁྲུངས། སྤྱིར་བླ་མ་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། བྱེ་བྲག་མྱང་ཡེ་ཤེས་འབྱུང་གནས་ལས་སྒྱུ་འཕྲུལ་དང་སེམས་ཕྱོགས་ཞུས། ལྕེ་ཤཱཀྱ་མཆོག་དང་། གཉན་ནག་དབང་གྲགས། ཐོ་དཀར་ནམ་མཁའ་ལྡེབ། རོང་ཤཱཀྱ་འབྱུང་གནས འབྲེ་ཁྲོ་ཆུང། རོང་ཤཱཀྱ་འབྱུང་གནས་སོགས་ལས་རིམ་བཞིན་བདུད་རྩི་དང་། གསང་དབང་དང་ཐབས་ལམ། མདོ་དང་བར་ཁབ། ཀ་དག་དང་ལྷུན་གྲུབ་ཀྱི་བཤད་པ་དང་ལམ་རིམ་ཆེན་མོ། ཡང་དག་སོགས་ཞུས། རྩ་རྒྱུད་སྒྲུབ་ཐབས་སུ་སྡེབས། སྒྲུབ་ཐབས་དང་ཆོག་ཡིག་ལ་སོགས་པར་སྡེབས་ཏེ་འབངས་རྩེ་མོ་བཞི་རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པ་ལ་བཤད་པར་མཛད། འུག་པ་ལུང་གི་གཙུག་ལག་ཁང་བཞེངས། ཤངས་ཀྱི་མདའ་ལ་སྲམ་པ་སྒྲུབ་ཁང་དུ་དཔལ་ཆེན་པོ་ལྷ་དགུ་ལྡེ་གུར་བཞེངས། སྒྲོ་སྟོན་གྱིས་ཁོང་ལ་སྒྲོ་ཕུག་ཕུལ། དེར་ལྷ་ཁང་བཞེངས་པས་སྒྲོ་ཕུག་ལྷ་ཁང་དུ་གྲགས། རབ་བྱུང་དང་པོའི་ཆུ་སྟག་ཕྱི་ལོ་ ༡༦༠༢ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ཟུར་ཆུང་ཤེས་རབ་གྲགས་པ་དང་། བན་ནམ་བྲེས་ཀྱི་མི་ཉག་འབྱུང་གྲགས། ར་ཟའི་ཞང་འགོས་ཆུང་བ། འཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་དང་། རྩགས་བླ་མ་བཅས་ཡིན།
Synonyms ལྷ་རྗེ་འུག་པ་ལུང་པ།

{{#arraymap:ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་

|; |@@@ | | }}