61931

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟུར་ཕུག་པ་རིན་ཆེན་དཔལ་བཟང་ (1)
Part of speech མིང་ཚིག
Definition ཀུན་མཁྱེན་ཟུར་ཕུག་པ་རིན་ཆེན་དཔལ་བཟང་མཆོག་ནི། སྤྱན་སྔ་རིན་ཆེན་ལྡན་གྱི་སློབ་མའི་གཙོ་བོ་ཡིན། རབ་བྱུང་བཞི་པའི་ཆུ་ཕག་ ༡༢༦༣ ལོར་འཁྲུངས། མཁན་ཆེན་ཆོས་སྡིངས་པའི་གཅུང་པོ་ཡིན། གཞོན་ནུ་ནས་འབྲི་ཀློག་དང་ཆོས་སྤྱོད་སོགས་མཁྱེན། མཁན་པོ་ཚུལ་ཁྲིམས་སྙིང་པོའི་དྲུང་དུ་རབ་ཏུ་བྱུང་ཞིང། མཚན་གཞོན་ནུ་རིན་ཆེན་དཔལ་བཟང་པོར་བཏགས། ཉེར་གཉིས་ལ་བསྙེན་པར་རྫོགས། བཙུན་པའི་དཔེར་འོས་པར་མཛད། ཚུལ་རིན་པའི་དྲུང་དུ་དབང་རྒྱུད་སྒྲུབ་སྐོར་མང་དུ་གསན། སྐུ་ཞང་མཁན་ཆེན་རྡོ་རྗེ་རིན་ཆེན་སོགས་བླ་མ་མང་པོ་བསྟེན་ནས་ཕར་ཕྱིན། འདུལ་བ། མངོན་པ། ས་སྡེ་ལྔ། ཐེག་བསྡུས། བྱམས་ཆོས་ལྔ། སྤྱོད་འཇུག། བསླབ་བཏུས། མདོ་བཏུས་སོགས་མཚན་ཉིད་ཀྱི་སྐོར་དང་། གསང་འདུས། བདེ་མཆོག་ལི་དྲིལ་ནག་གསུམ། སྟོད་འགྲེལ། སྡོམ་འབྱུང་། རྡོ་རྗེ་མཁའ་འགྲོ། མངོན་འབྱུང། ཀུན་སྤྱོད། མཧཱ་མཱ་ཡ། གདན་བཞི། སངས་རྒྱས་ཐོད་པ། བརྟག་གཉིས། རྡོ་རྗེ་གུར། སམྦུ་ཊི། སྒྲོན་གསལ། སྤྱོད་བསྡུས་སོགས་སྔགས་སྐོར་ཏེ། མདོ་སྔགས་རབ་འབྱམས་ལ་མཁས་པར་སྦྱངས་ཤིང། གཞན་ལ་བཤད་པའང་མཛད། ཁྱད་པར་ཆོས་རྗེ་སྤྱན་སྔ་རིན་ལྡན་པ་ལ་ལོ་བཅུ་གཉིས་བསྟེན་ནས། ལྷ་གདོང་པའི་སྐོར་སོགས་ཟབ་ཆོས་དཔག་མེད་གསན་པས། རྩ་བའི་བླ་མར་འཛིན། གྲུབ་ཐོབ་ཨུ་རྒྱན་པའི་དྲུང་དུ་དུས་འཁོར་རྒྱུད་འགྲེལ་སྦྱོར་བ་དྲུག་དང་བཅས་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་སྐོར་གསན། གཞན་ཡང་རྒྱལ་བ་ཡང་དགོན་པའི་བུ་ཆེན་ལྔ་ཙམ་བསྟེན། ཀུན་མཁྱེན་ཟུར་ཕུག་པ་ཞེས་ཡོངས་སུ་གྲགས། ཉེར་ལྔ་ནས་སྒྲུབ་པ་མཛད་པའི་ཐུགས་དགོངས་བྱུང་ཞིང། ཆོས་སྡིངས། རྩིབས་རི་གནམ་སྡིངས། ལྷ་གདོང། ལན་ཆབ་གངས། བྱང་ཟུར་སོགས་སུ་སྒྲུབ་པ་འདག་སྦྱར་ལོ་མང་པོ་མཛད། དཀའ་བ་ཆེན་པོ་སྤྱད་པས། གེགས་རྣམས་ལམ་དུ་ཁྱེར་བས་རྟོགས་པ་ལ་བོགས་ཐོན་ཏེ། དགེ་སྦྱོར་ཉིན་མཚན་འདྲེས་ཤིང་། ཆོས་བརྒྱད་སྒྱུ་མར་ཤར། ཞེ་འདོད་རྩ་བ་ནས་ཟད། དགུན་གྲང་སྒང་ལའང་རས་ཐུབ་པ་བྱུང། ཤྲཱི་ཟུར་ཕུག་ཏུ་བཞུགས་ནས། ཡོལ་གདོང་དཔོན་མོ་ཇོ་མོས་དབང་དང་ཆོས་ཞུས་ནས་ས་ཆ་ཕུལ་བར། དགོན་གནས་བཏབ། དགེ་བའི་བཤེས་གཉེན་གདུགས་ཐོགས་པ་བརྒྱ་ཚོ་མང་པོ་འདུས་ཤིང་། མཁས་པ་དང་། བཟང་བ་རྣམས་ཀྱི་གཏུགས་ས་བྱེད། ལ་སྟོད་ལྷོ་བྱང་ཕྱོགས་ན་སྙན་གྲགས་ཀྱིས་ཁྱབ་ཅིང་། རི་ཆོས་དང་འབྲུག་སྐོར་གྱི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས་པར་མཛད་དེ། དགུང་ལོ་རེ་བརྒྱད་པ་ལྕགས་རྟ་ ༡༣༣༠ ལོའི་བོད་ཟླ་བདུན་པོའི་ཉེར་ལྔ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །སློབ་མའི་གཙོ་བོ་ནི་འབའ་ར་བ་རྒྱལ་མཚན་དཔལ་བཟང་པོ། རི་པ་གཞོན་ནུ་རྒྱལ་མཚན། ཟུར་ཕུག་པ་གཉིས་པ་དར་མ་བཟང་པོ། ཟུར་ཕུག་པ་གསུམ་པ་རིན་ཆེན་མགོན་པོ། ར་ཀ་བྲག་པ་ཤཱཀྱ་སེང་གེ རྟོགས་ལྡན་ཤེས་རབ་མགོན་པོ། སྦུ་ཏྲའི་བླ་མ་བསོད་ནམས་འོད་ཟེར། འཇག་པ་རྒྱལ་མཚན་འབུམ། བུ་སྟོན་ལོ་ཙཱ་བ། མཁས་གྲུབ་ཆོས་རྗེ། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་དབང་ཕྱུག་ཤེས་རབ། སྙན་མ་འབྲུག་པ་མཁས་བཙུན་གཟི་བརྗིད་རྒྱལ་མཚན། ཕུ་རིའི་མཁན་པོ་གཞོན་བྱང་སོགས། འགྲོ་དོན་ཕེར་ངེས་ཀྱི་སློབ་མ་སུམ་ཅུ་སོ་བདུན་ཙམ་བྱོན་པར་གྲགས་སོ། །

{{#arraymap:ཟུར་ཕུག་པ་རིན་ཆེན་དཔལ་བཟང་

|; |@@@ | | }}