61945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟུར་མཁར་བློ་གྲོས་རྒྱལ་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ས་སྦྲུལ་ཕྱི་ལོ་ ༡༥༠༩ ལོར་དྭགས་པོ་ལ་ཐོག་ཟུར་མཁར་དུ་འཁྲུངས། ཆུང་དུས་ནས་དཔལ་ཁང་ལོ་ཙཱ་བ་ཀརྨ་འཕྲིན་ལས་ཀྱིས་གཙུག་ཕུད་བཞེས། མཚན་ལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ཞེས་གསོལ། ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་གིས་བློ་གྲོས་རྒྱལ་པོ་ཞེས་གསོལ། གླང་བུ་ཆོས་རྗེ་སློབ་དཔོན་དུ་བསྟེན། གསོ་བ་རིག་པའི་གཞུང་ལ་མཁས་པར་སྦྱངས། སྐྱོག་ལོ་རིན་ཆེན་བཀྲ་ཤིས་ལས་སྒྲ་དང་། སྙན་ངག་སོགས་ཐ་སྙད་རིག་གནས་ཀུན་ལ་སྦྱངས། ཀརྨ་མི་སྐྱོད་རྡོ་རྗེ་དང་ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་གཉིས་ལས་མདོ་སྔགས་ཀྱི་གཞུང་རྣམས་ཞུས། འགྲེལ་བ་མེས་པོའི་ཞལ་ལུང་ལྗགས་རྩོམ་གནང། རབ་བྱུང་དགུ་པའི་མེ་རྟ་ཕྱི་ལོ་ ༡༥༤༦ ལོར་རྒྱུད་བཞི་དཔར་ཤིང་གསར་དུ་བསྐྲུན། འདས་ལོ་མི་གསལ། གསུང་རྩོམ་ནི་རྒན་པོའི་ཁ་ཆེམས་དང་། རང་འགྲེལ་གསེར་གྱི་ཕྲ་ཚོམ། བྱེ་བ་རིང་བསྲེལ་གྱི་དཀར་ཆག་མཁས་པའི་ཡིད་འཕྲོག དད་ལྡན་སྙིམ་པའི་མེ་ཏོག རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ། སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག དྲི་བ་ཙུ་ཏའི་འཁྲི་ཤིང་། དྲི་བ་བློ་གསལ་འཇུག་ངོགས། དྲིས་ལན་ལེགས་བཤད་སྐྱུགས་པ། ཟླ་ཐིག་ཉིན་བྱེད་འོད་མཚོ། དབྱར་སྐྱེས་རྔ་གསང་། ག་བུར་གུར་གུམ་ཨ་གར་ཙམ་དན་སོགས་ཀྱི་སྐྱོན་སེལ་འགའ་ཞིག ཆུ་སྐོལ་གྱི་རྣམ་བཤད། ཤེས་བྱ་སྤྱིའི་ཁོག་འབུགས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བ་བཅས་ཆོས་ཚན་ཉེར་བཞི་བཞུགས།
Synonyms དཔལ་ལྡན་དོན་གྲུབ་རྣམ་རྒྱལ།

{{#arraymap:ཟུར་མཁར་བློ་གྲོས་རྒྱལ་པོ་

|; |@@@ | | }}