61946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟུར་མཁར་མཉམ་ཉིད་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་ལུག་ཕྱི་ལོ་ ༡༤༣༩ ལོར་ཤར་དྭགས་པོའི་ཐོག་ཟུར་མཁར་དུ་ཡབ་རིག་འཛིན་ཕུན་ཚོགས་དང་། ཡུམ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་བར་གཡུ་ཐོག་ཡོན་ཏན་མགོན་པོས་ཞལ་གཟིགས་པར་གྲགས། བཅུ་བཞི་པར་ཤ་ར་རབ་འབྱམས་དང་། སྨན་སྟོན་དབང་ཕྱུག་སོགས་བསྟེན། རིག་གནས་སྤྱི་དང་བྱེ་བྲག་གསོ་རིག་གཞུང་ལ་མཁས་པར་སྦྱངས། བྱང་བ་འཚོ་བྱེད་མིའི་ཉི་མ་མཐོང་བ་དོན་ལྡན་དང་རྩོད་རྒྱུགས་མཛད་པ་ལས་བསྔགས་བརྗོད་ཐོབ། གསོ་རིག་རྒྱུད་བཞིར་མ་དག་འདུག་པ་ཞུ་དག་མཛད་ནས་པར་དུ་བཀོད། རབ་བྱུང་བརྒྱད་པའི་ཤིང་ལུག་ཕྱི་ལོ་ ༡༤༧༥ ལོར་སྐུ་གཤེགས། གསོ་རིག་མཐར་ཕྱིན་པའི་སློབ་མ་བཞི་དང་། བྱིན་རླབས་ཞུགས་པའི་སློབ་མ་བརྒྱད། ཤེས་རབ་ཅན་གྱི་སློབ་མ་བཅུ་དྲུག། གྲགས་པ་ཐོབ་པའི་སློབ་མ་ཉི་ཤུ། བླ་དྭགས་ཅན་གྱི་སློབ་མ་བཅུ་དྲུག་བཅས་ཡོད་པ་ལས་རིང་ལུགས་རྒྱུད་འཛིན་གྱི་སློབ་བུ་ཆེན་པོ་ནི་ཟུར་མཁར་བློ་གྲོས་རྒྱལ་པོ་ཡིན། གསུང་རྩོམ་ནི་ཐུན་མོང་དང་ཐུན་མིན་ཁྱོན་བསྡོམས་དེབ་བཞི་བརྒྱ་ལྷག་ཙམ་ཡོད། ལྷག་པར་དུ་མན་ངག་བྱེ་བ་འབྱུང་བའི་རིང་བསྲེལ། བརྩམས་པ་ནས་བཟུང་སྨན་ནག་དྲག་སྦྱོར་བཅོ་ལྔ། དངུལ་ཆུ་བཞི་སྦྱོར། དབྱར་རྩྭ་དགུན་འབུའི་སྦྱོར་བ། དངུལ་ཆུ་བཙོ་བཀྲ་སོགས་ལག་ལེན་མང་པོ་ཞིག་གི་སྲོལ་སྔོན་མེད་གསར་དུ་བཏོད་པ་མཛད་པས་གས་རིག་བསྟན་པའི་བདག་པོར་གྱུར།
Synonyms དྲང་སྲོང་དྷརྨ་སྭ་མི། འཚོ་བྱེད་གྲུབ་པ། དཀོན་མཆོག་རིན་ཆེན། གཡུ་ཐོག་འབངས། དཔའ་བོས་བསྐྱངས། ཀུན་ལ་བྱམས་པའི་བློ་གྲོས། ལྷུན་གྲུབ་རྒྱལ་མཚན།

{{#arraymap:ཟུར་མཁར་མཉམ་ཉིད་རྡོ་རྗེ་

|; |@@@ | | }}