62385

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླུག་ (1)
Part of speech བྱ་ཚིག
Definition ཞུ་བའམ་སྦྲན་པའི་དོན་ཏེ།
Type བརྡ་རྙིང་།
Transitive བྱ་བྱེད་ཐ་དད་པ།
Future [བཟླུག, ལེགས་ཉེས་སྐྱིད་སྡུག་རྣམས་སྙིང་གྲོགས་ཀྱི་རྣ་བར་བཟླུག་བསམ་ཡོད།]
Present [ཟླུག, གོང་རིམ་གྱི་སྙན་ལ་སྐྱིད་སྡུག་ཟླུག་མཁན།]
Past [བཟླུགས།, གཏམ་རྣ་བར་བཟླུགས་ཟིན་ཐུགས་ལ་སོང་ཨེ་ཡོད་མི་ཤེས།]
Imperative [ཟླུགས།, སྐྱོ་དུས་སེམས་གཏམ་གྲོགས་པོའི་རྣ་བར་ཟླུགས་དང་སེམས་ལ་ཕན་ལྟ་བུ།]

{{#arraymap:ཟླུག་

|; |@@@ | | }}

ཟླུག་ (2)
Part of speech བྱ་ཚིག
Definition གནང་བའི་དོན་ཏེ། དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ་ལས། ཟླུག་པ་ནི་གནང་བ་ཞེས་བརྡ་རྙིང་དུ་འབྱུང་ལ། ཞེས་གསུངས་པ་ལྟར་རོ། །

{{#arraymap:ཟླུག་

|; |@@@ | | }}

ཟླུག་ (3)
Part of speech བྱ་ཚིག
Definition གཏམ་བཤད་པའམ་རྨེད་པའི་དོན་ཏེ། ཏུན་ཧོང་གཏེར་ཡིག་གནའ་བོའི་ཤོག་དྲིལ་ལས། དྲན་པ་དུས་ཀྱིས་ཡུན་རིངས་སམ། ཞག་བརྒྱ་ཕྲག་འདའས་ཀྱང༌། མི་ཟླུག་པ་བསྙེལ་གཏམ་བཀྱོན་ཏམ། ཇི་གནོང་ལན་ཙམ་གནོང༌། ཞེས་པ་ལྟ་བུའོ། །

{{#arraymap:ཟླུག་

|; |@@@ | | }}

ཟླུག་ (4)
Part of speech བྱ་ཚིག
Definition ལས་བྱེད་པའི་དོན་ཏེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། ཟླུག་པ་ནི་ལས་བྱེད་པའི་བརྡར་ལི་ཤིའི་མེ་ཏོག་ལས་གསུངས། ཞེས་པ་ལྟར་རོ། །

{{#arraymap:ཟླུག་

|; |@@@ | | }}