62540

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ལྕགས་བྱ་ཕྱི་ལོ་ ༡༥༦༡ ལོར་ཨེའི་སྐྱོང་ཁར་དུ་ཡབ་ཚེ་དབང་ནོར་རྒྱས་དང་། ཡུམ་རྒྱལ་མོ་འཛོམ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་པར་རྒྱལ་བ་བསོད་ནམས་རྒྱ་མཚོ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་བསོད་ནམས་རྣམ་རྒྱལ་ཞེས་སྩལ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་གསན། ཉི་ཤུ་པར་དྭགས་པོ་གྲྭ་ཚང་དུ་ཞུགས། འོལ་ཁ་བློ་བཟང་རྒྱ་མཚོ་ལས་དགེ་ཚུལ་བསྒྲུབས། མཁན་པོ་དེ་ཉིད་སློབ་དཔོན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་མཁས་པར་སྦྱངས། སེར་བྱེས་སུ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་དང་། འཕྲིན་ལས་ལྷུན་གྲུབ་གཉིས་ལས་རྗེ་བཙུན་པའི་ཡིག་ཆའི་སྟེང་ནས་གཞུང་ཆེན་ལྔར་བསྐྱར་སྦྱངས་མཛད། གླིང་བསྲེའི་གྲྭ་སྐོར་མཛད། ལྷས་ལྟག་དགོན་དུ་སྤྱན་སྔ་ཆོས་དཔལ་བཟང་པོ་བསྟེན། བྱང་ཆུབ་ལམ་རིམ་གྱི་ཁྲིད་གསན་ནས་མྱོང་བ་ཐོན་པར་མཛད། ཤར་པ་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ལས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆེན་དང་རིམ་གཉིས་ཀྱི་ཁྲིད་རྣམས་གསན། སོ་བཞི་པར་ཆོས་རྗེ་དཔལ་འབྱོར་རྒྱ་མཚོ་དང་། ཆོས་རྗེ་དགེ་འདུན་རྒྱལ་མཚན་ལས་བསྙེན་པར་རྫོགས། མཚན་ལ་དཔལ་འབྱོར་ལྷུན་གྲུབ་ཅེས་གསོལ། རྒྱུད་སྨད་དུ་མཁས་གྲུབ་རྣམ་རྒྱལ་དཔལ་བཟང་ལ་བསྟེན། གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་ལོ་བཞིའི་རིང་སྦྱངས། གསང་ཕུ་ཉི་མ་ཐང་གི་ཁྲི་དང་། སེར་བྱེས་གྲྭ་ཚང་གི་ཁྲི་བཅས་ལ་བཞུགས། འཆད་ཉན་ཡུན་རིང་དུ་བསྐྱངས། ཕ་བོང་ཁར་སྒྲུབ་པ་ཡུན་རིང་དུ་མཛད། འཇམ་དབྱངས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཅེས་ཡོངས་སུ་གྲགས། རྒྱལ་བ་བློ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་དབང་བཀུར། དོན་བདུན་པ་ རབ་བྱུང་བཅུ་གཅིག་པའི་མེ་གླང་ཕྱི་ལོ་ ༡༦༣༧ ལོར་སྐུ་གཤེགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་རེ་གསུམ་པ་ཡིན། སློབ་མའི་ཚོགས་ལས་གྲགས་ཆེ་བའི་ཐུགས་སྲས་ནི་ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཡིན། གསུང་རྩོམ་ནི་གཤིན་རྗེ་གཤེད་ཀྱི་ཆོས་འབྱུང་དང་། སྐྱབས་འགྲོའི་ཁྲིད་ཡིག་བཅས་མང་དུ་བཞུགས།
Synonyms བསོད་ནམས་རྒྱ་མཚོ།

{{#arraymap:འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་

|; |@@@ | | }}