62691

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་རེ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་སྨད་དུ་ཞང་ཞུང་དུ་ཡབ་མངའ་བདག་བཀྲ་ཤིས་ལྡེ་མགོན་གྱི་སྲས་སུ་འཁྲུངས། མཚན་དངོས་ལ་འཁོར་ལོ་ལྡེ་ཞེས་ཞུ། མངའ་རིས་པུ་རངས་ཕྱོགས་སུ་ཆབ་སྲིད་བསྐྱངས། རིགས་སྲས་ལྷ་ལྡེ་འཁྲུངས། མེ་འབྲུག་ཕྱི་ལོ ༡༠༡༦ ལོར་གཅེན་པོ་སྲོང་ངེ་རབ་ཏུ་བྱུང་། མངའ་རིས་སུ་གུ་གེའི་རྒྱལ་སྲིད་ཀྱང་གཏད། པུ་རངས་དང་གུ་གེ་གཉིས་ཀའི་ཆབ་སྲིད་བསྐྱངས། ཁ་ཚར་གྱི་ལྷ་ཁང་བཞེངས། དཀོན་མཆོག་གསུམ་ལ་བཀུར་སྟི་མཛད།
Synonyms འཁོར་ལོ་ལྡེ།

{{#arraymap:འཁོར་རེ་

|; |@@@ | | }}