62808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་ལོས་སྒྱུར་བའི་རྒྱལ་པོ་ (1)
Part of speech མིང་ཚིག
Definition གླིང་བཞི་ལ་དབང་སྒྱུར་མཁན་དང་། གླིང་གསུམ་ལ་དབང་སྒྱུར་མཁན་དང་། གླིང་གཉིས་ལ་དབང་སྒྱུར་མཁན་དང་། གླིང་གཅིག་ལ་དབང་སྒྱུར་མཁན་བཅས་རྒྱལ་པོ་ཆེན་པོ་རིགས་བཞིའི་སྤྱི་མིང་སྟེ། རྒྱལ་པོ་དེ་དག་འབྱུང་བའི་དུས་ནི། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་ཡིན། དེ་དག་ལས་དང་པོ་ནི་གསེར་གྱི་འཁོར་ལོ་ཅན། གཉིས་པ་ནི་དངུལ་གྱི་འཁོར་ལོ་ཅན། གསུམ་པ་ནི་ཟངས་ཀྱི་འཁོར་ལོ་ཅན། བཞི་པ་ལྕགས་ཀྱི་འཁོར་ལོ་ཅན་བཅས་ཡིན།
Domain ཆོས་ལུགས།
Synonyms གནམ་གྱི་ལྷ། གནམ་གྱི་བུ། མི་ཡི་ལྷ། གནམ་བསྐོས་རྒྱལ་པོ། ས་ཡི་བརྒྱ་བྱིན། ས་ཡི་ཚངས་པ། རྒྱལ་ཀུན་འདུད། ས་ཀུན་དབང་། ཡང་དག་རྒྱལ་པོ།

{{#arraymap:འཁོར་ལོས་སྒྱུར་བའི་རྒྱལ་པོ་

|; |@@@ | | }}