62810

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་ལྔ་ཕྲག་བཅུ་གསུམ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་འདུས་ལེའུ་དང་པོར་གཏན་ཚིགས་འབྱུང་ཁུངས་ཀྱི་གླེང་གཞིའི་སྐབས་འཁོར་གྱི་དབྱེ་ཚུལ་དམིགས་བསལ་བ་ལྔ་ཚན་བཅུ་གསུམ་དུ་ཕྱེ་བ་ཞིག་སྟེ། བྱང་ཆུབ་ཀྱི་རིགས་ཅན། བྱང་ཆུབ་པ། བྱང་ཆུབ་སེམས་དཔའ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཆེན་པོ་བ་བཅས་ལྔ་དང། རྗེས་སུ་ཡི་རང་བ། མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་པ། ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ། ཕྱིར་མི་ལྡོག་པའི་ས་ལ་གནས་པ། ལུང་བསྟན་ཐོབ་པ་སྟེ། ལམ་གྱི་ཡོན་ཏན་གྱི་སྒོ་ནས་བཏགས་པའི་མཚན་ལྔ་དང་། འདུན་པས་ཕྱོགས་པ། དད་པས་མོས་པ། ཡོངས་སུ་བསྟི་གནས་པ། སྐྱེ་བ་གཅིག་གིས་ཐོགས་པ། སྲིད་པ་ཐ་མ་པ་སྟེ། དུས་ཀྱི་སྒོ་ནས་བཏགས་པའི་མཚན་ལྔ་དང་། ལམ་དུ་འཇུག་པ། འགྲོ་བ། ཕྱིན་པ་པ། ཕྱིར་འོང་བ། གནས་པ་སྟེ། དཔེའི་སྒོ་ནས་བཏགས་པའི་མཚན་ལྔ་དང་། སྨོན་པ། ལྡང་བ་པ། འཇུག་པ་པ། གནས་པ་པ། རྫོགས་པ་པ་སྟེ། སེམས་བསྐྱེད་ལུགས་ཀྱི་སྒོ་ནས་བཏགས་པའི་མཚན་ལྔ་དང། རྩོལ་བ་པ། སློབ་པ་པ། མི་སློབ་པ་པ། གོམས་པ་པ། མངོན་དུ་གྱུར་བ་པ་སྟེ། སློབ་རིམ་གྱི་སྒོ་ནས་བཏགས་པའི་མཚན་ལྔ་དང་། རྒྱུད་དུ་འབྱུང་བ་པ། རིགས་སུ་ངེས་པ། ཆོས་སུ་ཤེས་པ། ཆོས་ལུགས་པ། རྒྱལ་ཚབ་པ་སྟེ། རྒྱུད་དུ་འབྱུང་ལུགས་ཀྱི་སྒོ་ནས་བཏགས་པའི་མཚན་ལྔ་དང་། རིགས་ཐམས་ཅད་པ། གཟུངས་སྔགས་པ། རིག་སྔགས་པ། གསང་སྔགས་པ། རིགས་གསུམ་པ་བཞི་པ་ལྔ་པ་སྟེ། རིགས་ཀྱི་སྒོ་ནས་བཏགས་པའི་མཚན་ལྔ་དང་། ཚོགས་པ་པ། སྦྱོར་བ་པ། མཐོང་བ་པ། སྒོམ་པ་བ། མཐར་ཕྱིན་པ་པ་སྟེ། ལམ་རང་གི་ངོ་བོའི་སྒོ་ནས་བཏགས་པའི་མཚན་ལྔ་དང་། འདུན་པའི་རྣལ་འབྱོར་པ། རིགས་ཆེན་འབྱེད་པའི་རྣལ་འབྱོར་པ། དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ། ལུང་ཆེན་ཐོབ་པའི་རྣལ་འབྱོར་པ། རྩལ་ཆེན་རྫོགས་པའི་རྣལ་འབྱོར་པ་སྟེ། ཏིང་འཛིན་སྒོ་ནས་བཏགས་པའི་མཚན་ལྔ་དང་། ཚིག་གི་ཚོགས་པ། ཡི་གེའི་ཚོགས་པ། མིང་གི་ཚོགས་པ། བརྡའི་ཚོགས་པ། ཐ་སྙད་ཀྱི་ཚོགས་པ་དང་ལྔ་སྟེ་ཚོགས་པ་ལྔ་སྟེ། རྟོགས་ཚུལ་གྱི་སྒོ་ནས་བཏགས་པའི་མཚན་ལྔ་དང་། སྤྱོད་པ། གནས་པ། ཐོབ་པ། ཕྱིར་ལྟ་བ། ཡོངས་སུ་རྫོགས་པ་དང་ལྔ་སྟེ་དོན་གྱི་སྒོ་ནས་བཏགས་པའི་མཚན་ལྔའམ་དོན་གྱི་ཆོས་ལྔ་དང། སྒྲ་ལ་གནས་པ། ས་ལ་གནས་པ། ཚེ་ལ་གནས་པ། ཕྱག་རྒྱ་ཆེན་པོ། ལྷུན་གྱིས་གྲུབ་པར་གྱུར་པ་སྟེ། རིག་འཛིན་གྱི་སྒོ་ནས་བཏགས་པའི་མཚན་ལྔ་བཅས་ལྔ་ཕྲག་བཅུ་གསུམ་མོ། །འདི་དག་ཀུན་མཚོན་ཚུལ་ཐ་དད་པ་ཙམ་སྟེ། རྩ་བ་ལམ་ལྔ་ལས་རྣམ་པར་ཕྱེ་བའོ། །
Domain ཆོས་ལུགས།

{{#arraymap:འཁོར་ལྔ་ཕྲག་བཅུ་གསུམ་

|; |@@@ | | }}