6289

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅོག་ (1)
Part of speech བྱ་ཚིག
Definition ཤིང་སོགས་དངོས་རྫས་སྲ་མོ་དུམ་བུར་གཏོང་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [གཅག།, ཤེལ་གྱི་ཕོར་བ་གཅག་དགོས།]
Present [གཅོག།, ཤེལ་གྱི་ཕོར་བ་གཅོག་བཞིན་པ།]
Past [བཅག, དཀར་ཡོལ་བཅག་པ་སླར་སྒྲིག་མི་ཐུབ།]
Imperative [ཆོག, དཀར་ཡོལ་ཆོག་ཅིག་ལྟ་བུ།]

{{#arraymap:གཅོག་

|; |@@@ | | }}

གཅོག་ (2)
Part of speech བྱ་ཚིག
Definition ལུས་ཀྱི་ན་ཟུག་ཤུགས་ཇེ་ཆུང་དུ་གཏོང་བའམ་མེད་པར་བྱེད་པའི་དོན།
Keyword True
Future [གཅག།, ན་ཟུག་གཅག་ཆེད་སྨན་འཐུང་གི་ཡོད།]
Present [གཅོག།, ན་ཟུག་གཅོག་བྱེད་ཀྱི་སྨན་ཡག་ཤོས་འདི་ཡིན།]
Past [བཅག, ན་ཟུག་བཅག་པས་སེམས་པ་ལྷོད་ལ་བབ།]
Imperative [ཆོག, སྨན་པ་ལགས་ཕྲན་གྱི་ན་ཟུག་ཆོག་དང་ལྟ་བུ།]

{{#arraymap:གཅོག་

|; |@@@ | | }}

གཅོག་ (3)
Part of speech བྱ་ཚིག
Definition རང་ལ་རྩ་ཆེན་པོ་ཡིན་པའི་མིའི་སྐད་ཆ་ཁྱད་དུ་གསོད་པའམ་དེ་དང་མི་མཐུན་པར་བྱས་པའི་དོན།
Future [གཅག།, ཕ་མ་དང་བླ་མའི་བཀའ་གཅག་མི་རུང་།]
Present [གཅོག།, རང་གིས་ཕ་མ་དང་བླ་མའི་བཀའ་གཅོག་བཞིན་གཞན་ལ་ཡ་རབ་སྤྱོད་བཟང་སློབ་ཁུལ་བྱེད་པ།]
Past [བཅག, ཡུལ་ཁྱད་པར་ཅན་གྱི་བཀའ་བཅག་ན་འབྲས་བུ་བཟང་པོ་མེད།]
Imperative [ཆོག, རྒྱལ་པོ་ངན་པའི་བཀའ་ཆོག་ལྟ་བུ།]

{{#arraymap:གཅོག་

|; |@@@ | | }}

གཅོག་ (4)
Part of speech བྱ་ཚིག
Definition ནམ་རྒྱུན་གྱི་ཚད་ལས་ཇེ་ཉུང་དུ་བཏང་བའི་དོན།
Future [གཅག།, ལས་ཀ་ལེགས་པོ་མ་བྱས་ཚེ་ལས་གླ་གཅག་རྒྱུ་ཡིན།]
Present [གཅོག།, གླ་ཆ་གཅོག་བྱེད་ཀྱི་རྩིས་ཁྲ་འདི་ཡིན།]
Past [བཅག, བཟོ་པས་ལས་ཀར་ནོར་འཁྲུལ་ཤོར་སྟབས་གླ་ཕོགས་བཅག།]
Imperative [ཆོག, ལས་མི་ལེ་ལོ་ཅན་ཚོར་གླ་ཆོག་ལྟ་བུ།]

{{#arraymap:གཅོག་

|; |@@@ | | }}