63105

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་ཁྲི་འཛིན་དང་པོ་སྐུ་ཕྲེང་བཞི་པ་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition འཁྲུལ་ཞིག་སྐུ་ཕྲེང་བཞི་པ་བསྟན་པའི་ཉི་མ་མཆོག་ནི། ནང་ཆེན་ལྕི་ཆུའི་འགྲམ་དཔའ་ཐག་ཁ་ཞེས་པར། དཔའ་ཐག་ཚང་དུ། རབ་བྱུང་བཅུ་གཉིས་པའི་སྨད་ཙམ་ལ་སྐུ་འཁྲུངས་པར་ངེས། ཆུང་ངུའི་དུས་ནས་གར་བྱོན་མི་ཤེས་པར་གྲུབ་ཐོབ་ཀྱི་མཛད་སྤྱོད་ལྟ་བུ་གནང་བར་གྲགས། ཀར་འབྲུག་གི་ལུང་བཞིན་སྐུ་ན་ཕྲ་མོ་ནས་གོང་མའི་གདན་སར་མངའ་གསོལ་ཞིང༌། མཚན་བསྟན་པའི་ཉི་མ་ཞེས་གསོལ། རིག་གནས་ཀུན་ལ་ཆགས་ཐོགས་མེད་པར་མཁྱེན་པའི་རྣམ་དཔྱོད་ཕུལ་དུ་ཕྱིན། རྒྱལ་དབང་འབྲུག་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། རྡོ་རྗེ་འཛིན་སྤྲུལ་བཞི་པ་འཇམ་མགོན་དགྱེས་པའི་དབང་ཕྱུག ཁམས་སྤྲུལ་བཞི་པ་པཎ་ཆེན་ཆོས་ཀྱི་ཉི་མ་གཙོ་བོར་གྱུར་པའི་ཚད་མའི་སྐྱེས་ཆེན་མང་པོ་ལས་གསར་རྙིང་གི་དབང་ཁྲིད་གདམས་སྐོར་མང་པོ་གསན། ངེས་མེད་ཀྱི་གནས་སུ་སྒྲུབ་པ་མཛད་དེ་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། དགོན་པའི་འདབས་བྲག་ནག་འོག་ཏུ་སྐུ་རྗེས་དང་ཞབས་རྗེས། གསང་འགག་སྡོམ་མདའ་འཕྲང་གི་བྲག་ཐོག་ཏུ་ཆིབས་རྗེས་དང་ཞབས་རྗེས་ད་ལྟའང་མཇལ་རྒྱུ་ཡོད། བརྟུལ་ཞུགས་ཀྱི་སྤྱོད་པས་སྣང་སྲིད་དབང་དུ་སྡུད་པའི་མཛད་པ་རྨད་དུ་བྱུང་བ་མངའ། ཇོ་བོ་སྐེད་རྒྱལ་སོགས་གསང་ལུང་གི་གཞི་བདག་ཆེ་ཕྲ་རྣམས་ཀྱིས་ཕྲིན་ལས་སྒྲུབ་པར་དམ་བཅས་ཤིང༌། ལྕི་ཆུའི་དགེ་བསྙེན་གྱིས་དངོས་སུ་བསུས་ཏེ། དགེ་བསྙེན་གྱི་ཕོ་བྲང་དུ་ཟླ་བ་གསུམ་དུ་ཆོས་གསུངས་ནས་བཞུགས་པར་གྲགས། དེ་ལྟར་མི་དང་མི་མིན་སོགས་ལ་གང་འདུལ་གྱི་འགྲོ་དོན་དཔག་མེད་མཛད་པའི་མཐར་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །

{{#arraymap:འཁྲུལ་ཞིག་ཁྲི་འཛིན་དང་པོ་སྐུ་ཕྲེང་བཞི་པ་བསྟན་པའི་ཉི་མ་

|; |@@@ | | }}