63436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོག་སྙོམས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཐར་གནས་སྙོམས་འཇུག་དགུ་པོ་གང་རུང་ཡང་ཡིན། རང་ཡིན་པའམ་རང་གི་ནང་ཚན་དུ་གྱུར་པའི་བསམ་གཏན་གྱི་སྙོམས་འཇུག་དང་གཟུགས་མེད་ཀྱི་སྙོམས་འཇུག་གང་རུང་ཡིན་པ་མེད་པ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པ་གང་ཞིག རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་འདས་ལམ་གྱི་སྟོབས་ཀྱིས་ཐོབ་ཅིང་རང་གི་དགག་གཞི་རང་རྒྱུད་ལྡན་གྱི་གང་ཟག་གི་ཤེས་རྒྱུད་ཀྱི་སྟེང་དུ་རང་གི་དགག་བྱ་ཚོར་འདུ་རགས་པ་བཀག་པའི་རབ་ཏུ་ཕྱེ་བའི་འཕགས་རྒྱུད་ཀྱི་སྙོམས་འཇུག་ཁྱད་པར་ཅན་དུ་དམིགས་པ། རང་ཉིད་འགོག་སྙོམས་ཡིན་པའི་མཚན་ཉིད། དེ་ལ་དབྱེ་ན། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་འགོག་སྙོམས་དང༌། ཐེག་དམན་འཕགས་པའི་རྒྱུད་ཀྱི་འགོག་སྙོམས་གཉིས། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་འགོག་སྙོམས་ནི། རང་གི་དགག་གཞི་ཕུང་པོའི་སྟེང་དུ་དགག་བྱ་ཚོར་འདུ་རགས་པ་བཀག་པའི་རབ་ཏུ་ཕྱེ་བའི་འཕགས་རྒྱུད་ཀྱི་ལྡན་མིན་འདུ་བྱེད་གཅིག་ལ་འགོག་པའི་སྙོམས་འཇུག་ཏུ་འཇོག་གོ ། དེ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱིི་ནང་ནས་ཀུན་སློང་གིས་དགེ་བར་འཇོག སྐྱེ་འཕགས་གཉིས་ཀྱི་ནང་ནས་འཕགས་པའི་ཡོན་ཏན་དུ་འཇོག་སྟེ། དེ་འདས་ལམ་གྱི་སྟོབས་ཀྱིས་ཐོབ་དགོས་པའི་ཕྱིར་ཏེ། དེ་སྒོམ་པའི་འབྲས་བུ་ལ་སྲིད་རྩེར་སྐྱེ་བ་ཡིན་པའི་ཕྱིར། མྱོང་འགྱུར་རྣམས་ཀྱི་ནང་ནས་སྐྱེས་ནས་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་འགྱུར། རྣམ་སྨིན་མྱོང་བར་མ་ངེས་པའི་མྱོང་འགྱུར་དང་གསུམ་ཡོད་ལ། མཐོང་ཆོས་ལ་མྱོང་འགྱུར་མེད་དོ། །འགོག་སྙོམས་དེ་སྦྱོར་བྱུང་དང་སྐྱེས་སྟོབས་གང་ཡིན་ཟེར་ན། ཐེག་དམན་འཕགས་པའི་རྒྱུད་ཀྱི་འགོག་སྙོམས་རྣམས་སྦྱོར་བྱུང་དང༌། སངས་རྒྱས་འཕགས་པའི་རྒྱུད་ཀྱི་དེ་སྐྱེས་སྟོབས་སུ་གཞག་དགོས་ཏེ། ཟད་མི་སྐྱེའི་ཡེ་ཤེས་བརྙེས་པ་དང་དུས་མཉམ་དུ་དེ་ཐོབ་པ་ཡིན་པའི་ཕྱིར། འོ་ན་ཁམས་གང་གི་རྟེན་ལ་འགོག་པ་ལ་སྙོམས་པར་འཇུག་པ་ཡིན་ཞེ་ན། འདོད་གཟུགས་ཅི་རིགས་པའི་རྟེན་ལ་སྙོམས་པར་འཇུག་པ་ཡིན་ནོ། །དེ་ཡང་གཟུགས་ཀྱི་རྟེན་ལ་འགོག་པ་ལ་སྙོམས་པར་འཇུག་པའི་ཚེ་དང་པོར་མིའི་རྟེན་ལ་འགོག་པའི་སྙོམས་འཇུག་སྔོན་དུ་སོང་བས་ཁྱབ་པར་འདོད་དེ། མཛོད་ལས། འགོག་པ་ཞེས་པའང་དེ་བཞིན་ཉིད། །འདི་གནས་དོན་དུ་སྲིད་རྩེར་སྐྱེ། །དགེ་བའོ་གཉིས་སུ་མྱོང་འགྱུར་དང༌། །མ་ངེས་འཕགས་པའི་སྦྱོར་བས་འཐོབ། །ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོར་མིའི་ནང་དུ། །ཞེས་གསུངས་པའི་ཕྱིར། ཐལ་འགྱུར་བའི་ལུགས་ཀྱི་འགོག་སྙོམས་ནི། རང་གི་དགག་གཞི་རང་རྒྱུད་ལྡན་གྱི་གང་ཟག་གི་ཤེས་རྒྱུད་ཀྱི་སྟེང་དུ་རང་གི་དགག་བྱ་བདེན་འཛིན་གྱི་སྤྲོས་པ་བཀག་པའི་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་མཉམ་གཞག་ཁྱད་པར་བ་ཞིག་ལ་འགོག་སྙོམས་སུ་འཇོག
Domain ཆོས་ལུགས།

{{#arraymap:འགོག་སྙོམས་

|; |@@@ | | }}

འགོག་སྙོམས་ (2)
Part of speech མིང་ཚིག
Definition མངོན་པ། རང་གི་དགག་གཞིར་གྱུར་པའི་གཟུགས་ཀྱི་སྟེང་དུ་རང་གི་དགག་བྱར་གྱུར་པའི་སེམས་སེམས་བྱུང་བཀག་པའི་འཕགས་རྒྱུད་ཀྱི་སྙོམས་འཇུག་ཀྱང་ཡིན། ལྡན་མིན་འདུ་བྱེད་ཀྱང་ཡིན་པའི་གཞི་མཐུན་པར་དམིགས་པ། འགོག་པའི་སྙོམས་འཇུག་གི་མཚན་ཉིད། གཉིས་པ་ནི། འགོག་པའི་སྙོམས་འཇུག་ཆོས་ཅན། ཁྱད་ཆོས་བདུན་དང་ལྡན་དེ། དགག་བྱ་འགོག་ཚུལ་གྱི་ཁྱད་པར་རང་གི་དགག་གཞིར་གྱུར་པའི་གཟུགས་ཀྱི་སྟེང་དུ་འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་དུ་རང་གི་དགག་བྱར་གྱུར་པའི་སེམས་སེམས་བྱུང་བཀག་པ། ཡིད་བྱེད་དམ་ཀུན་སློང་གི་ཁྱད་པར་ཚོར་འདུ་རགས་པ་ཞི་བར་འདོད་པའི་སེམས་པས་ཞུགས་པ། སའི་ཁྱད་པར་སྲིད་རྩེའི་སར་གཏོགས་པ་སྟེ་འདི་བསྒོམས་པ་ལ་བརྟེན་ནས་སྲིད་རྩེར་སྐྱེ་བ། ངོ་བོའི་ཁྱད་པར་དགེ་བ་ཡིན་པ། དབྱེ་བའི་ཁྱད་པར་སྐྱེས་ནས་མྱོང་འགྱུར་གྱི་འགོག་སྙོམས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་འགོག་སྙོམས། རྣམ་སྨིན་མྱོང་བར་མ་ངེས་པ་གསུམ་ཡོད་པ། རྟེན་གྱི་ཁྱད་པར་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པ། ཐོབ་ཚུལ་གྱི་ཁྱད་པར་ཐུབ་པ་སངས་རྒྱས་མ་གཏོགས་པ་རྣམས་ཀྱིས་འབད་རྩོལ་གྱི་སྟོབས་ཀྱིས་འཐོབ་པའི་ཁྱད་པར་རྣམས་དང་ལྡན་པའི་ཕྱིར། དབྱེ་བའི་ཁྱད་པར་དེ་འཐད་དེ། ཕྱིར་མི་འོང་གི་འདོད་ཁམས་སུ་འགོག་སྙོམས་སྐྱེས་ནས་སྲིད་རྩེར་སྐྱེ་བས་སྐྱེས་ན་སྐྱེས་ནས་མྱོང་འགྱུར་དང་། དེ་ཉམས་ནས་ཀྱང་གཟུགས་ཁམས་སུ་སྐྱེ་ཡང་སྲིད་རྩེའི་སེམས་ཐོབ་པ་ཞིག་གིས་སྐྱེད་ན་ལན་གྲངས་གཞན་ལ་མྱོང་འགྱུར་དང་། དགྲ་བཅོམ་པས་སྐྱེད་ན་མྱོང་བར་མ་ངེས་པ་ཡིན་པའི་ཕྱིར། ཐུབ་པ་སངས་རྒྱས་ཀྱིས་འབད་རྩོལ་ལ་མ་ལྟོས་པ་འགོག་སྙོམས་མངོན་དུ་མཛད་པ་ཡིན་ཏེ། དེ་ལ་མ་ལྟོས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་དུས་མཉམ་དུ་དེ་ཐོབ་པའི་ཕྱིར་ཏེ། རང་འགྲེལ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་ཟད་པ་མཁྱེན་པ་དང་དུས་མཉམ་དུ་བརྙེས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག ཐུབ་པས་དེ་སློབ་ལམ་གྱི་གནས་སྐབས་དུ་ཐོབ་ཟེར། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ན་རེ། ་དེ་ཐུབ་པ་སངས་རྒྱས་རྣམས་ཀྱིས་དང་པོར་ཐོབ་པ་མ་ཡིན་ཏེ། རྡོ་རྗེ་གདན་གྱི་ཤིང་དྲུང་དུ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག སྲིད་རྩེའི་སས་བསྡུས་ཀྱི་སྒོམ་སྤང་ཉོན་མོངས་དགུའི་དངོས་གཉེན་བར་ཆད་མེད་ལམ་དགུ་སྒོམ་སྤང་དགུ་པོ་དེ་དང་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་དགུ་སྟེ་སུམ་ཅུ་རྩ་བཞི་བར་མ་ཆད་དུ་བྱས་པའི་སྒོ་ནས་ཐོབ་པའི་ཕྱིར་ཞེས་ཟེར། རང་ལུགས་ཀྱང་དེ་དང་མཐུན་ནོ། །འོ་ན་སྙོམས་འཇུག་དེ་གཉིས་ཀྱི་ལུས་རྟེན་ཇི་ལྟ་བུ་ཞེ་ན། དེ་སྟོན་པ་ལ། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོར་མིའི་ནང་དུ། །ཞེས་གསུངས། དེ་གཉིས་ཀྱི་ལུས་རྟེན་ཡོད་དེ། དེ་གཉིས་འདོད་གཟུགས་གང་རུང་གི་རྟེན་ལ་མངོན་དུ་བྱེད་དགོས་པའི་ཕྱིར། འགོག་སྙོམས་ཕལ་ཆེར་དང་པོར་མིའི་རྟེན་ལ་མངོན་དུ་བྱེད་ཅིང་ཕྱིས་ལྷའི་རྟེན་ལ་མངོན་དུ་བྱེད་པ་ཡོད་དོ། །དང་པོར་མི་ཁོ་ནའི་རྟེན་ལ་མངོན་དུ་བྱེད་པས་མ་ཁྱབ་སྟེ། དང་པོ་ལྷའི་རྟེན་ལ་དེ་མངོན་དུ་བྱེད་པའི་ཕྱིར་མི་འོང་ལུས་མངོན་བྱེད་ཡོད་པའི་ཕྱིིར། དེ་ཕལ་ཆེར་མིའི་ནང་དུ་མངོན་དུ་བྱེད་པའི་རྒྱུ་མཚན་ཡོད་དེ། མི་ཤེས་རབ་ཀྱི་དབང་པོ་གསལ་བས་འཁོར་བ་ལ་དམིགས་པའི་སྐྱོ་ཤས་ཆེ་བའི་ཕྱིར། །

{{#arraymap:འགོག་སྙོམས་

|; |@@@ | | }}

འགོག་སྙོམས་ (3)
Part of speech མིང་ཚིག
Definition དྲུག་པ་ཡིད་ཤེས་ཀྱི་སྟེང་དུ་དགག་བྱ་ཚོར་འདུ་འགོག་པའི་སྙོམས་འཇུག་བཏགས་པ་བ་ཞིག་ལ་འཇོག་པའི་ཕྱིར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ངོ་བོ་ཡོད་དེ། འཕགས་སེང་གཉིས་ཀྱིས་ཀྱང་ཚོགས་དྲུག་འཁོར་བཅས་བཀག་པའི་ལྡན་མིན་འདུ་བྱེད་ཀྱི་ཁྱད་པར་ལ་བཞེད་པར་གསལ་བའི་ཕྱིར་དང། ཞིབ་ཏུ་བཤད་ན་འདས་ལམ་དང་བཅས་པའི་སྲིད་རྩེའི་སེམས་ལ་བརྟེན་ནས་ཐོབ་ཅིང། དགག་གཞི་ཡིད་ཤེས་ཕྲ་མོའི་སྟེང་དུ་དགག་བྱ་ཚོར་འདུ་རགས་པའི་རྒྱུ་བ་ཅི་རིགས་བཀག་པས་རབ་ཏུ་ཕྱེ་བའི་འཕགས་རྒྱུད་ཀྱི་ལྡན་མིན་འདུ་བྱེད་དེ། འགོག་སྙོམས་ཀྱི་ངོ་བོ་ཡིན་པའི་ཕྱིར། ཞེས་གསུངས།

{{#arraymap:འགོག་སྙོམས་

|; |@@@ | | }}