6354

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉགས་ལོ་ཡེ་ཤེས་གཞོན་ནུ་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་དུས་སྟོད་དུ་ཡར་ཀླུང་ཤེལ་པར་ཡབ་གཉགས་རྟག་སྒྲ་ལྷ་སྣང་དང་། ཡུམ་སྲུ་བཟའ་སྒྲོན་གཉིས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མིང་ལ་རྒྱལ་བའི་བློ་གྲོས་ཞུ། མཁན་པོ་བོ་ས་དྷི་ལས་རབ་ཏུ་བྱུང་སྟེ་བརྙེན་པར་རྫོགས། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་མི་ཏྲ། པ་གོར་བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ་བཅས་བསྟེན། དཀྱུས་བཤད་གཞུང་གི་ཆུ་བོ་དང་། སྙན་བརྒྱུད་གདམས་ངག་གི་ཆུ་བོ། བྱིན་རླབས་དབང་གི་ཆུ་བོ། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཆུ་བོ་བཅས་བཀའི་ཆུ་བོ་བཞི་འདུས། སྔ་འགྱུར་གྱི་བསྟན་པ་དང་པོ་ཁོང་ལ་བབས། ཡར་འབྲོག་དང་ཀོང་པོ་སོགས་སུ་ཕེབས། སྒྲུབ་པ་ཉམས་ལེན་ལ་བརྩོན། གྲུབ་མཐའ་ཤེལ་གྱི་མེ་ལོང་ལས་ཛྙཱ་ན་ཀུ་མཱ་ར་ནི་རྫུ་འཕྲུལ་སྟོན། །ཞེས་གསུངས། གྲགས་ཆེའི་སློབ་མ་ནི་སོག་པོ་དཔལ་གྱི་ཡེ་ཤེས་དང་། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ། སྙན་དཔལ་དབྱངས། མཚུར་ནག་ཡེ་ཤེས་དཔལ། ཐང་བཟང་དཔལ་གྱི་རྡོ་རྗེ་བཅས་ཡིན། གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ་བཅས་བཞུགས།
Synonyms ཛྙཱ་ན་ཀུ་མཱ་ར། རྒྱལ་བའི་བློ་གྲོས།

{{#arraymap:གཉགས་ལོ་ཡེ་ཤེས་གཞོན་ནུ་

|; |@@@ | | }}