63800

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྲོ་མགོན་ཆོས་རྒྱལ་འཕགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཤིང་ལུག་ཕྱི་ལོ་ ༡༢༣༥ ལོར་དཔལ་ལྡན་ས་སྐྱར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་། ཡུམ་མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་པར་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས། བརྒྱད་པར་སྐྱེས་རབས་སོགས་ཐུགས་འཛིན་མཛད། གོ་བ་ཡང་སྐྱེས། བཅུ་པར་ཁུ་བོ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་སོག་པོའི་རྒྱལ་པོ་གོ་དན་གྱིས་གདན་དྲངས་པ་ལྟར་མཉམ་དུ་ཕེབས། ལམ་བར་དུ་ལྷ་ས་ནས་རབ་ཏུ་བྱུང་། མཚན་ལ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། ཁུ་བོ་ཀུན་དགའ་རྒྱལ་མཚན་ལས་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་མང་དུ་གསན། གནས་ལྔ་རིག་པའི་གཞུང་ལུགས་མ་ལུས་ཐུགས་ལ་མངའ་བར་གྱུར། སེ་ཆེན་རྒྱལ་པོ་ཧུའུ་པིས་ལན་གསེར་ཁྲིར་འཁོད་རྗེས་ཕོ་བྲང་ནང་དུ་གདན་དྲངས། སེ་ཆེན་རྒྱལ་པོར་གསང་སྔགས་ཀྱི་དབང་ཐེངས་གསུམ་གནང་། དང་པོའི་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་དང་། ཏཱི་ཤྲཱིའི་གོ་གནས། གཡང་ཊིའི་ཐམ་ཀ་བན་དེ་ཤེད་ཀྱི་འཇའ་ས་བཅས་གནང་། གཉིས་པའི་ཡོན་དུ་ཆོལ་ཁ་གསུམ་གྱི་སྲིད་དབང་གནང་། གསུམ་པའི་ཡོན་དུ་ཆོས་དུང་དཀར་པོ་རྒྱང་གྲགས་དང་། རྒྱ་ཡི་མི་ཡུར་ཆེན་མོ་བཅས་གནང་། སྣར་ཐང་མཁན་ཆེན་གྲགས་པ་སེང་གེ་ལས་བསྙེན་པར་རྫོགས། བོད་དུ་ཕེབས་ཏེ་ལོ་གསུམ་བཞུགས་རིང་ཁ་ཆེ་པཎ་ཆེན་ཤྲཱི་ཏ་ཐཱ་ག་ཏ་བྷ་དྲ་དང་། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་སོགས་སློབ་དཔོན་ཉི་ཤུ་ལྷག་བསྟེན། རིག་གནས་དང་། མདོ་སྔགས་བཅས་ལ་སློབ་གཉེར་གནང་། སོག་ཡུལ་དུ་བྱོན་ནས་ཧོར་ཡིག་གསར་གཏོད་གནང་། སོ་དྲུག་པར་སེ་ཆེན་རྒྱལ་པོས་མི་ཉག་རྒྱལ་རྒོད་རྒྱལ་པོའི་ཤེལ་དམ་ལ་བཅོས་བྱས་ནས་ཤེལ་དམ་གླིང་དྲུག་མ་དང་། གནམ་གྱི་འོག ས་ཡི་སྟེང་ན་རྒྱ་གར་གྱི་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏི་ཤྲཱི་ཞེས་པའི་འཇའ་ས་དང་གོ་གནས་གནང་། ཞེ་གཅིག་པར་བོད་དུ་ཕེབས་ཏེ། གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་བདུན་ལྷག་ལ་ཆོས་འཁོར་བསྐོར་བར་ཆུ་མིག་ཆོས་འཁོར་དུ་གྲགས། ས་སྐྱའི་གདན་ས་ལོ་ངོ་ལྔ་ཙམ་བསྐྱངས། རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་ཕྱི་ལོ་ ༡༢༨༠ ལོར་ལྷ་ཁང་བླ་བྲང་དུ་སྐུ་གཤེགས། ས་སྐྱ་གོང་མ་རྣམ་ལྔའི་ལྔ་པ་ཡིན། གསུང་རྩོམ་ནི་བསྟན་བཅོས་སུམ་ཅུ་ལྷག་ཙམ་པོད་གསུམ་དུ་བསྒྲིགས་ནས་བཞུགས།
Synonyms བློ་གྲོས་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ།

{{#arraymap:འགྲོ་མགོན་ཆོས་རྒྱལ་འཕགས་པ་

|; |@@@ | | }}