64323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་ཀུན་དགའ་ཆོས་བཟང་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཆུ་ཕྱི་ལོ་ ༡༤༣༣ ལོར་གློ་བོ་འབྲོག་གསེབ་ཏུ་འཁྲུངས། དགུང་ལོ་བཅུ་པར་བྲག་དཀར་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་མནོས། སུམ་རྟགས་དག་གསུམ་དང་འདོན་ཆོས་བཅས་སྦྱངས། བཅོ་བརྒྱད་པར་དཔལ་ལྡན་ས་སྐྱར་བྱོན། བླ་མ་བློ་གྲོས་གཞོན་ནུ་ལས་གསུང་ངག་སོགས་ཀྱི་ཆོས་སྐོར་གསན། བཅུ་དགུ་པར་ངོར་པར་ངོར་ཆེན་ཀུན་དགའ་བཟང་པོ་དང་། བྲག་དཀར་ཁ་ཆར་བ། གཅུང་གཞོན་ནུ་སེང་གེ་གསུམ་ལས་རབ་ཏུ་བྱུང་། ཆོས་གྲྭ་ཆེན་པོ་འབྲས་ཡུལ་སྐྱེད་ཚལ་དུ་བྱོན། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་ལས་མདོ་སྔགས་ཆོས་མ་ལུས་ཞུས། སུམ་ཅུ་པར་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང་། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་གཉིས་ལས་བསྙེན་པར་རྫོགས། སོ་བཞི་པར་ཟུར་འཆད་མཛད། ང་བཞི་པར་སྐྱེད་མོས་ཚལ་གྱི་གདན་སའི་ཁྲིར་བཞུགས། གདན་ས་ལོ་བཅུ་དགུའི་རིང་བསྐྱངས། མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། དོན་གཅིག་པ་རབ་བྱུང་བརྒྱད་པའི་ཆུ་ཕག་ཕྱི་ལོ་ ༡༥༠༣ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་པཎ་ཆེན་དངོས་གྲུབ་དཔལ་འབར་དང་། གཞའ་རི་ལྷ་དབང་བློ་གྲོས་བཅས་མང་དུ་བྱོན།
Synonyms སྐྱེད་ཚལ་མཁན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང།

{{#arraymap:འཇམ་དབྱངས་ཀུན་དགའ་ཆོས་བཟང་

|; |@@@ | | }}