64332

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཁོང་ནི་ས་ངན་གསེར་པ་གཏེར་ཆེན་གྱི་སྲས་སུ་འཁྲུངས། རྗེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་འཕྲིན་ལས་ཀྱི་རོ་རོལ་གར་དུ་ངོས་འཛིན། སི་ཏུ་ཆོས་ཀྱི་རྒྱ་མཚོས་འཕྲིན་ལས་ཀྱི་གནས་མཆོག་ཀཿཐོག་གི་གདན་སར་སྤྱན་དྲངས་ནས་གསེར་ཁྲིར་མངའ་གསོལ། མཁན་རིག་འཛིན་རྒྱ་མཚོ་ཡོངས་འཛིན་དུ་བཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པའི་སྦྱོང་བ་མཐར་ཕྱིན། ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ལས་མདོ་སྔགས་གསར་རྙིང་བཀའ་གཏེར་ཡོངས་ཀྱི་སྨིན་གྲོལ་རྫོགས་པར་གསན། རྫོང་གསར་མཁྱེན་སྤྲུལ་རིན་པོ་ཆེ་སྐུ་གཤེགས་པའི་ཞལ་ཚབ་ཏུ་གོང་མའི་གདན་སར་ཕེབས། ས་ངོར་གྱི་བསྟན་འཛིན་དམ་པ་རྣམས་དང༌། ཟེ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ། རྡོ་གྲུབ་བསྟན་པའི་ཉི་མ། ཨ་འཛོམ་འབྲུག་པ་སོགས་གསར་རྙིང་གི་མཁས་གྲུབ་དུ་མའི་ཞབས་ལ་བསྙེན་ཏེ་བོད་གངས་ཅན་ལྗོངས་ཀྱི་ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཏུ་གྱུར། སི་ཏུ་རིན་པོ་ཆེ་གཤེགས་རྗེས་དུས་སྐབས་མང་པོ་ཀཿཐོག་ཏུ་ཕེབས་ནས་ཟངས་མདོག་དཔལ་རིའི་བློས་བསླངས་ལས་འཕྲོ་སྐྱོང་བ་དང༌། ཐུབ་ཆེན་ལྷ་ཁང་རྩག་ཚད་ལྔ་པ་ཟངས་གསེར་ཅན། ཉེ་སྲས་དང༌། གནས་བརྟན་བཅས་ཀྱི་འདག་སྐུ། ལོགས་རིས་མཆོད་རྫས་ཤིན་ཏུ་ཁྱད་མཚར་བསྒྲོས་ལྡན་སོགས་མཛད་རྗེས་ཀྱི་ལས་ཀ་ཐམས་ཅད་དང༌། བཤད་སྒྲུབ་ཁག་དང༌། བཀའ་གཏེར་སྒྲུབ་མཆོད་བཅས་ཀྱི་དབྱངས་རོལ་སྒྲིལ་ལམ་དགོན་སྤྱིའི་བླ་གྲྭ་དག་ཐེར་བཅས་མཛད། བཀའ་གཏེར་མང་པོའི་དབང་དང་ཁྲིད་ལུང་གསུངས་ནས་སྐལ་ལྡན་རྣམས་ཀྱི་རེ་འདོད་ཡོངས་སུ་བསྐངས་པར་མཛད་པ་སོགས་ཀཿཐོག་ཏུ་བྱོན་སྐབས་ཀྱི་ལོ་རྒྱུས་མདོ་ཙམ་སྨོས་པ་ཡིན།

{{#arraymap:འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་

|; |@@@ | | }}