64333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ས་ལུག་ཕྱི་ལོ་ ༡༣༧༩ ལོར་བསམ་ཡས་སུ་འཁྲུངས། རབ་བྱུང་བརྒྱད་པའི་ས་སྦྲུལ་ཕྱི་ལོ་ ༡༤༤༩ ལོར་འབྲས་སྤུངས་སུ་སྐུ་གཤེགས། རྩེད་ཐང་དུ་རབ་ཏུ་བྱུང། གསང་ཕུར་གཉལ་རྒོད་རིན་ཆེན་བསམ་གྲུབ་དང་། ལྡན་མ་དཀོན་མཆོག་སེང་གེ་ལས་ཕར་ཚད་དང་། སྐྱོར་མོ་ལུང་དུ་མཁན་ཆེན་དཀའ་བཞི་པ་ལས་འདུལ་མངོན་སོགས་གསན། རྗེ་ཙོང་ཁ་པ་ལས་དབུ་མ་རྩ་འཇུག་སོགས་མདོ་སྔགས་ཀྱི་གཞུང་ལུགས་ཕལ་ཆེར་མཁས་པར་སྦྱངས། རྗེ་ཙོང་ཁ་པས་མཁན་པོ་དང་། འདུལ་བ་འཛིན་པས་ལས་སློབ། རྒྱལ་ཚབ་ཆོས་རྗེས་གསང་སྟོན་མཛད། དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། རྗེ་ཙོང་ཁ་པས་གཏེར་བཏོན་ཆོས་དུང་དཀར་པོ་གནང་བཞིན་ཁྱོད་ཀྱིས་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་དང་། དགོན་མ་ལས་བུ་དགའ་བའི་དར་རྒྱས་ཆེ་བ་འོང་གསུངས་པས། སྣེའུ་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་དང་། སོ་བརྒྱད་པར་ཕྱི་ལོ་ ༡༤༡༦ དཔལ་ལྡན་འབྲས་སྤུངས་དགོན་པ་བཏབ། ཆོས་ཐོག་ཏུ་མདོ་ཕྱོགས་ཀྱི་པོ་ཏི་བརྒྱད་དང་རང་རང་གི་འགྲེལ་བ་པོད་ཊིཀ་དེ་དང་སྦྱར་ནས་བཤད་པ་ཞིབ་རྒྱས་གནང་། སྤྱིར་མདོ་ཕྱོགས་དང་སྔགས་ཕྱོགས་ཀྱི་གཞུང་ལུགས་པོ་ཏི་ཆེན་པོ་བརྒྱ་དང་སུམ་ཅུའི་ཚིག་དོན་མཐའ་དག་ཐུགས་སུ་བཟུང། སློབ་མ་ནི་མུས་སྲད་པ་བློ་གྲོས་རིན་ཆེན། ཉན་སྟོན་པ་ཤཱཀྱ་རྒྱལ་མཚན། རྗེ་སྨོན་ལམ་དཔལ་བ། སློབ་དཔོན་སྒ་ལེབ་དང་ལྟག་ལེབ་གཉིས། ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་རྗེ་ནམ་མཁའ་བློ་གྲོས། གཙང་བ་ཀུན་རྒྱལ་བ་བཅས་སྡེ་སྣོད་འཛིན་པ་མང་པོ་བྱུང་། གསུང་རྩོམ་ནི་རྗེ་ཙོང་ཁ་པ་ཆེན་པོའི་གསང་བའི་རྣམ་ཐར་གསོལ་འདེབས་དང་། ཤེར་ཕྱིན་གྱི་དོན་ལས་དང་པོ་བས་ཉམས་སུ་ལེན་བདེ་བ་སོགས་བསྟན་བཅོས་མང་།

{{#arraymap:འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་

|; |@@@ | | }}