64359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་མགོན་པོ་ (1)
Part of speech མིང་ཚིག
Definition ཡུལ་མྱང་སྟོད། བྱེ་བྲག་ཁམ་གྲོང་། ཡབ་ཁྱུང་པོ་བསོད་ནམས་དཔལ་དང་། ཡུམ་འདྲེ་མོ་ཁྱི་འདྲེན་དཔལ་གྱི་སྲས་སུ་རབ་བྱུང་བཞི་བའི་ས་འབྲུག་ ༡༢༠༨ ལོར་བལྟམས། ཆོས་རྗེ་ལོ་རས་པའི་སློབ་མ་མཁས་པ་རྣམ་གསུམ་གྱི་ཡ་གྱལ་ཡིན། ཆུང་ངུ་ནས་སློབ་དཔོན་གཙང་སྟོན་སར་བུ་གསོར་བཅུག། མཚན་བསོད་ནམས་མགོན་པོ་བཏགས། ལོ་དྲུག་བདུན་ལོན་པའི་ཚེ་སློབ་དཔོན་ལྕེ་སྟོན་སངས་རྒྱས་དང་། ལྕེ་སྟོན་མགོན་པོ་དང་། གཡུ་ཐོག་ཇོ་རྒྱལ་ལ་སོགས་པས་མེ་ཏོག་སྡུད་པའི་ཆོས་གསུང་བ་བློ་ལ་ཟིན་ནས། བྱིས་པའི་ཟླ་བོ་ལ་བཤད། གཞན་བགྲོ་གླེང་བྱེད་པ་ལ་སོགས་པ་ཐམས་ཅད་ཀྱང་ཟིན། ཇོ་གཟུངས་ལ་ཀློག་བསླབས་པས་ཟླ་བ་གཅིག་དང་ཞག་བཅུ་བདུན་ལ་མཁས་པར་ཤེས། ལོ་བཅུ་ལོན་པའི་ཚེ་ཡུམ་གྲོངས། གཉེན་ཆད་བྱས་པའི་བུད་མེད་སོགས་བཞག་ནས་ཆོས་ལ་བྲོས། བླ་མ་མར་སྟོན་ལ་རབ་ཏུ་བྱུང་ནས། མིང་ཤེས་རབ་འབྱུང་གནས་བཏགས། རིན་པོ་ཆེ་མར་སྟོན་གྱིས་མཁན་པོ་བྱས་ཏེ་བསྙེན་པར་རྫོགས། ཁྲོ་ཕུ་ལོ་ཙཱ་བ་ལ་སེམས་ཉིད་ངལ་གསོ་དང་། རིན་ཆེན་འབྲུ་དགུ་རྣམས་ཞུས། སྟན་གཅིག་ལོ་བཅུ་བཞི་དང་། ཤ་མི་ཟ་བ་ལོ་བཅུ་བདུན་གྱི་བར་བྱས། ཀོ་བྲག་པས་ཧོར་ཟློག་པའི་རིམ་གྲོ་བསྐུལ་བ་ལ་དགེ་བཤེས་ཉི་ཤུ་རྩ་གསུམ་ཙམ་མངགས་པ་ལ། ཁོང་གིས་ཚོང་འདུས་ཡན་ཆད་ཀྱི་རིམ་གྲོ་སྐུལ་བ་བོ་བྱས་པས། མི་རྣམས་ཀྱིས། བཙུན་ཆུང་འདི་ཤེས་རབ་ཆེ་བ་འཇམ་དབྱངས་རང་ཡིན་ཟེར་བས། འཇམ་དབྱངས་མགོན་པོར་གྲགས། དབུ་རི་བའི་སྙན་པ་གསན་ནས། འབྲུག་པའི་ཆོས་སྐོར་ཚང་བར་གསན། ལོ་ཉི་ཤུ་ལ་ས་གདོན་གྱི་རྟོག་པ་ཆེན་པོ་བྱུང་ནས། འདག་སྦྱར་གྱི་བསྙེན་པ་བསྐྱལ་བས་ནད་རྟོག་ཡལ། ལྷ་རི་མོ་དང་། མྱང་སྟོད་དང་། ཆོས་ལུང་རྣམས་སུ་འདག་སྦྱར་མཛད། མཁན་པོ་སྟོད་ལུང་པ། དུང་ལུང་པ། ལས་སྟོད་པ་རྣམས་ལ་འདུལ་བ་ཉན། སློབ་དཔོན་སྦ་གླན་སྟོན་དང་། ཀོང་ནག་ཆོས་ཀྱི་སོ་སེང་། འཇམ་གསར་ལ་ཚད་མ་ཞུས། ལྷ་སྒང་པ་ལ་དུས་འཁོར་དབང་རྒྱུད་གསན། སློབ་དཔོན་ཟླ་གྲགས། བླ་མ་དབུས་པ། སངས་རྒྱས་དབོན་རས། སློབ་དཔོན་རོག་སྟོན། བུ་ཆེན་དཀོན་མཆོག་རིན་ཆེན། སློབ་དཔོན་སྟོན་གཞོན་སོགས་ལ། མདོ་དབུ་མ་རྩ་ཤེར་སོགས་ནས། སྔགས་ཀྱི་དུས་འཁོར་སོགས། ཐུན་མོང་ཐུན་མིན་གྱི་ཆོས་སྐོར་མང་དུ་ཞུས། ཆོས་རྗེ་ལོ་རས་ལ་མྱང་སྟོད་སྨད་ཀྱི་ཞུ་བ་ཕུལ་ནས། དེ་རྣམས་ཀྱི་སློབ་དཔོན་དུ་བསྐོས་པས། སྟོད་སྨད་ཀྱི་མཚམས། ཀུ་རུ་ལུང་དུ་དགོན་པ་བཏབ། བཞི་བཅུ་རྩ་གསུམ་པ་ལ་ལོ་རས་གཤེགས། བོ་དོང་ཕྱིན་ཆད་ནས་ལྷོ་བྲག་ཚུན། ཨེ་རོང་མན་དབུ་རི་ཚུན་ཆད་དུ་ཁྲོམ་མང་པོ་ཚོགས་ལ་ཅི་འདོད་ཡིད་བཞིན་དུ་མཛད། འདིས་མཛད་པའི་བསྟན་བཅོས་ཀྱང་སྔགས་ཀྱིི་དབང་རྒྱུད་འགྲེལ་མན་ངག་གི་སྐོར་དང་། མཚན་ཉིད་ཀྱི་གཞུང་བཤད་སྤྱི་བསྡུས་མང་པོ་དང་། མི་དཔྱད། རྟ་དཔྱད། སྨན་དཔྱད། རྒྱ་རྩིས་ལ་སོགས་པའི་འཇིག་རྟེན་གྱི་བསྟན་བཅོས་མང་པོ་དང་། ཐ་ན་རྒྱ་ཐབ་བཟོ་བ་ལ་སོགས་པ་བསྟན་བཅོས་མང་བར་བརྩམས། གཅོད་ཡུལ་ཟབ་དོན་ཐུགས་སྙིང་དང་། ཐབས་ལམ་རྡོ་རྗེ་ཚིག་འབྱེད་ཀྱང་འདིས་མཛད། ཕྱིས་རྒྱ་ནག་རི་བོ་རྩེ་ལྔ་ལ་སྐུ་མ་སྤངས་པར་བྱོན་པའོ། །

{{#arraymap:འཇམ་དབྱངས་མགོན་པོ་

|; |@@@ | | }}