64520

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་ཚོགས་ལ་ལྟ་བ་ཉི་ཤུ་ (1)
Part of speech མིང་ཚིག
Definition འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ་ལས་བྱུང་བ་སྟེ། ༡ བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ་བ། ༢ བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ་བ། ༣ གཟུགས་བདག་གི་ཡིན་ཏེ་བྲན་དང་འདྲ་བ། ༤ གཟུགས་ལ་བདག་གནས་ཏེ་སྣོད་དང་འདྲ་བ། ༥ བདག་ཚོར་བ་ཡིན་ཏེ་བདག་པོ་དང་འདྲ་བ། ༦ བདག་ཚོར་བ་དང་ལྡན་ཏེ་རྒྱན་དང་འདྲ་བ། ༧ ཚོར་བ་བདག་གི་ཡིན་ཏེ་བྲན་དང་འདྲ་བ། ༨ ཚོར་བ་ལ་བདག་གནས་ཏེ་སྣོད་དང་འདྲ་བ། ༩ བདག་འདུ་ཤེས་ཡིན་ཏེ་བདག་པོ་དང་འདྲ་བ། ༡༠ བདག་འདུ་ཤེས་དང་ལྡན་ཏེ་རྒྱན་དང་འདྲ་བ། ༡༡ འདུ་ཤེས་བདག་གི་ཡིན་ཏེ་བྲན་དང་འདྲ་བ། ༡༢ འདུ་ཤེས་ལ་བདག་གནས་ཏེ་སྣོད་དང་འདྲ་བ། ༡༣ བདག་འདུ་བྱེད་ཡིན་ཏེ་བདག་པོ་དང་འདྲ་བ། ༡༤ བདག་འདུ་བྱེད་དང་ལྡན་ཏེ་རྒྱན་དང་འདྲ་བ། ༡༥ འདུ་བྱེད་བདག་གི་ཡིན་ཏེ་བྲན་དང་འདྲ་བ། ༡༦ འདུ་བྱེད་ལ་བདག་གནས་ཏེ་སྣོད་དང་འདྲ་བ། ༡༧ བདག་རྣམ་པར་ཤེས་པ་ཡིན་ཏེ་བདག་པོ་དང་འདྲ་བ། ༡༨ བདག་རྣམ་ཤེས་པ་དང་ལྡན་ཏེ་རྒྱན་དང་འདྲ་བ། ༡༩ རྣམ་པར་ཤེས་པ་བདག་གི་ཡིན་ཏེ་བྲན་དང་འདྲ་བ། ༢༠ རྣམ་པར་ཤེས་པ་ལ་བདག་གནས་ཏེ་སྣོད་དང་འདྲ་བ་བཅས་སོ། །
Domain ཆོས་ལུགས།

{{#arraymap:འཇིག་ཚོགས་ལ་ལྟ་བ་ཉི་ཤུ་

|; |@@@ | | }}

འཇིག་ཚོགས་ལ་ལྟ་བ་ཉི་ཤུ་ (2)
Part of speech མིང་ཚིག
Definition ༡ གཟུགས་བདག་ཏུ་ལྟ་བ། ༢ བདག་གིར་ལྟ་བ། ༣ བདག་དང་ལྡན་པར་ལྟ་བ། ༤ བདག་ལ་གནས་པར་ལྟ་བ་དང་བཞི་པོ་ཚོར་བ། འདུ་བྱེད། འདུ་ཤེས། རྣམ་པར་ཤེས་པ་བཞི་ལ་བཞི་བཞི་རེ་སྦྱར་བས་ཉི་ཤུ་བྱུང་བ་འདི་རྣམས་ནི་ཐམས་ཅད་འཇིག་ལྟ་ཡིན་པས་གྲུབ་མཐས་རྒྱུད་མ་བསླད་པའི་གང་ཟག་གི་རྒྱུད་ལ་མེད་དོ། །

{{#arraymap:འཇིག་ཚོགས་ལ་ལྟ་བ་ཉི་ཤུ་

|; |@@@ | | }}