64874

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་མེད་ཕུན་ཚོགས་འབྱུང་གནས་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་རྒྱལ་ཆུ་བྱ་ཟླ་དང་པོའི་ཚེས་གསུམ་ཕྱི་ལོ་ ༡༩༣༣ ལ་མདོ་ཁམས་རྡོ་ཁོག་རྫུ་མེད་ཆོས་ལྷས་སུ་ཡབ་ལྕགས་ཁུངས་པད་ཏེ་དང་ཡུམ་གནུབ་བཟའ་གཡུ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་གཞོན་དུས་ནས་ངོ་མཚར་བའི་རྟགས་མཚན་མང་དུ་མངའ། གཏེར་ཁ་གསར་རྙིང་མང་པོ་ནས་གཏེར་ཆེན་ལས་རབ་གླིང་པའི་སྤྲུལ་བར་ལུང་གིས་ཟིན། དགུང་གྲངས་བཅུ་བཞི་ལ་བྲག་རྫོང་མཁན་པོ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་། མཚན་ཐུབ་བསྟན་ལེགས་བཤད་བཟང་པོ་གསོལ། སྐུ་ན་ཕྲ་བའི་དུས་ནས་གསུང་རྩོམ་དུ་མ་མཛད། ཀུན་མཁྱེན་མི་ཕམ་པ་ལ་ཐུན་མིན་གྱིས་དད་པ་བརྟན་པས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་། རྫ་སྟོད་ལྕང་མ་སྒར་དུ་ཕེབས་ནས་མཁན་པོ་ཐུབ་བསྟན་ཆོས་འཕེལ་མཉེས་པ་གསུམ་གྱིས་བསྟེན་ཏེ་ཐུགས་ཀྱི་སྲས་གཅིག་པུར་གྱུར། སླར་ཡང་རང་ཡུལ་དུ་ཕེབས་ནས་གནུབ་ཟུར་དགོན་པའི་བཤད་གྲྭའི་མཁན་པོ་གནང་སྟེ། མདོ་སྔགས་འཆད་ཉན་གྱིས་བསྟན་པ་སྤེལ། དུས་འགྱུར་སྐབས་ཀྱང་གསང་སྟབས་ཀྱིས་འཆད་ཉན་རྒྱུན་མ་ཆད་པར་གནང་། བསྟན་པ་ཡང་དར་སྐབས་གསེར་ལྗོངས་བླ་མ་རུང་གི་ཆོས་གྲྭ་གསར་བཙུགས་གནང་སྟེ། མདོ་སྔགས་གཞུང་ཆེན་ཁག་དང་རྒྱུད་སྡེ་ཟབ་མོའི་དབང་ཁྲིད་མན་ངག་བསྩལ་ཏེ། དགེ་འདུན་པ་ཁྲི་ཕྲག་ཙམ་འདུས་པས་གངས་ལྗོངས་ཙམ་དུ་མ་ཟད་འཛམ་གླིང་ན་ཆེ་བའི་ཆོས་སྡེ་ཆེན་པོར་གྱུར། ཡང་དར་བསྟན་པ་ལ་དག་ཐེར་གནང་ནས་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་བྱས། རབ་བྱུང་བདུན་པའི་མེ་ཡོས་ལོར་བོད་རིགས་ཁྲི་ཕྲག་དང་མཉམ་དུ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་རྒྱལ་བསྟན་དར་བའི་ཐུགས་སྨོན་གནང་། པཎ་ཆེན་སྐུ་ཕྲེང་བཅུ་བས་པེ་ཅིང་ནང་བསྟན་སློབ་གླིང་གི་སློབ་དཔོན་གདན་དྲངས་པ་མ་ཟད། པཎ་ཆེན་མཆོག་ནས་ཀྱང་ལམ་གཙོ་རྣམ་གསུམ་གྱི་ཁྲིད་ལུང་གསན། ལྕགས་རྟ་ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་མཆོག་གི་བཀའ་ལྟར་རྒྱ་གར་དུ་ཕེབས་ནས་རྒྱལ་དབང་མཆོག་ལ་དབང་ཁྲིད་མན་ངག་གི་སྐྱེས་བཟང་གནང་། མེ་གླང་ལོར་བོད་བསྟན་སྲིད་ལ་གནོད་པའི་དམ་སྲི་མ་རུང་པར་མངོན་སྤྱོད་ཀྱི་ལས་སྦྱོར་མཛད། འཛམ་གླིང་ཤར་ནུབ་གྱི་རྒྱལ་ཁབ་མང་པོར་ཕེབས་ནས་དམ་ཆོས་སྤེལ། མདོར་ན་སྐུ་ཚེ་གང་བོར་རྒྱལ་བསྟན་སྤེལ་བའི་ཕྲིན་ལས་འབའ་ཞིག་བསྐྱངས། མཐར་རབ་བྱུང་བཅུ་བདུན་པའི་ཆུ་ལུག་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༡ ཚེས་ ༧ ལ་སྐུ་གཤེགས། སྨན་རྩིས་སོགས་ཐུན་མོང་རིག་གནས་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཟབ་གནད་རྗེན་ལ་བཏོན་པའི་ལེགས་བཤད་གསུང་རྩོམ་པོད་བཞིའི་ཤིང་པར་གདན་ས་བླ་མ་རུང་དུ་ བཞུགས།
Synonyms ངག་དབང་བློ་གྲོས་མཚུངས་མེད། ཐུབ་བསྟན་ལེགས་བཤད་བཟང་པོ། པདྨ་དབང་ཆེན་དགྱེས་པའི་རྡོ་རྗེ།

{{#arraymap:འཇིགས་མེད་ཕུན་ཚོགས་འབྱུང་གནས་

|; |@@@ | | }}