64942

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇུ་མི་ཕམ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་བའི་མེ་རྟ་ཕྱི་ལོ་ ༡༨༤༦ ལོར་མདོ་ཁམས་རྫ་ཆུ་ཁའི་འཇུ་ཉུང་སྡེ་བའི་ཡ་ཆུ་དིང་ཆུང་དུ་ཡབ་འཇུ་མགོན་པོ་དར་རྒྱས་དང་། དགེ་རྩེ་བཟའ་ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པ་ནས་ཡབ་དང་ཞང་པོ་ལས་ཡི་གེའི་འབྲི་ཀློག་དང་། རྩིས་དཀར་ནག་གི་སྔོན་འགྲོར་སྦྱངས། བཅུ་གཉིས་པར་རྙིང་མའི་དགོན་པ་གསང་སྔགས་ཆོས་གླིང་དགོན་དུ་ཕེབས། བཅོ་བརྒྱད་པར་ཞང་པོ་དང་ལྷན་དབུས་སུ་བྱོན། ཕྱིར་སྡེ་དགེར་ཕེབས་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། དབང་ཆེན་དགྱེས་རབ་རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་དབང་སོགས་བསྟེན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་རྣམས་ལ་མཁས་པར་སྦྱངས། མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོར་མདོ་སྔགས་ཀྱི་དཀའ་གནད་སྐོར་དགག་སྒྲུབ་ཀྱི་རྩོད་ཡིག་གནང་བས་མཁས་པའི་གྲགས་པ་ཕྱོགས་སུ་ཁྱབ། རབ་བྱུང་བཅོ་ལྔ་བའི་ཆུ་བྱི་ཕྱི་ལོ་ ༡༩༡༢ ལོར་འཇུ་རི་ཁྲོད་དུ་སྐུ་གཤེགས། གསུང་རྩོམ་བོད་འདིར་ཇི་སྙེད་དར་ཡོད་པའི་གཞུང་ལུགས་རྣམས་དང་འབྲེལ་བའི་པོད་སུམ་ཅུ་སོ་གཉིས་བཞུགས། སློབ་མ་གཙོ་བོ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཞེ་ཆེན་རྒྱལ་ཚབ། རྡོ་གྲུབ་བསྟན་པའི་ཉི་མ། གཏེར་སྟོན་བསོད་རྒྱལ། མཁན་པོ་ཀུན་དཔལ་སོགས་མང་།

{{#arraymap:འཇུ་མི་ཕམ་

|; |@@@ | | }}