65076

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་འབྲུག་ཕྱི་ལོ་ ༡༧༤༨ ལོར་དབུས་སྟོད་བྱེ་རི་སྟག་རྩེར་ཡབ་དཔལ་མགོན་དང་། ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། འདས་ལོ་མི་གསལ། དགུང་ལོ་བཅུ་གསུམ་པར་སེར་སྨད་དུ་བློ་བཟང་རྒྱལ་མཚན་གྱིས་དབུ་སྐྲའི་གཙུག་ཕུད་བཞེས། མཚན་ལ་གྲགས་པ་བློ་གྲོས་ཞེས་སྩལ། བཅུ་བདུན་པར་ལྕང་ར་ངག་དབང་འཕྲིན་ལས་ལས་རབ་ཏུ་བྱུང། མཚན་ལ་ངག་དབང་བསྟན་འཛིན་འཕྲིན་ལས་ཞེས་གནང་། ཆོས་རྗེ་གྲགས་པ་འཕྲིན་ལས་སོགས་ལས་གཞུང་ཆེན་རྣམས་སྦྱངས། ཕར་ཕྱིན་འཛིན་གྲྭའི་སྐབས་སུ་བྱ་བྲལ་ལ་ཕེབས། ཉེར་གཉིས་པར་སྐྱིད་གྲོང་དུ་ཀ་ཆེན་ཡེ་ཤེས་རྒྱལ་མཚན་ལས་བསྙེན་པར་རྫོགས། གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་གདན་ས་ཕུག་པོ་ཆེར་སྒོམ་སྒྲུབ་ཉམས་ལེན་ལ་འབུངས། ཉེར་བརྒྱད་པར་བལ་ཡུལ་དུ་གནས་བསྐོར་ལ་ཕེབས། སོ་གཉིས་པར་སྐྱིད་གྲོང་ནས་ལྷ་སའི་ཆོས་མཐུན་གྱི་གནང་སྒོར་ཞུགས། ང་གཅིག་པར་འབྲུ་ལ་མཁན་ཆེན་གྱི་རྣམ་ཐར་བརྩམས། ང་བདུན་པར་ཁལ་ཁ་རྗེ་བཙུན་དམ་པའི་འཁྲུངས་རབས་གསོལ་འདེབས་བརྩམས། གསུང་རྩོམ་ནི་ཟུང་འཇུག་གྲུབ་པའི་དཔའ་བོ་ཐར་པའི་རྒྱལ་མཚན་གྱི་མཛད་པ་ཐུན་མོང་པའི་རྣམ་ཐར་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ་དང་། བྱ་བྲལ་ངག་དབང་གི་རྟོགས་བརྗོད་དྭངས་ཤེལ་ནོར་བུའི་ཕྲེང་བ། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་གདམས་པ་མན་ངག་ནོར་བུའི་ཕྲེང་བ། གུང་ཐང་དཔལ་གྱི་གཙུག་ལག་ཁང་བྱུང་རབས་དང་བཅས་པའི་དཀར་ཆག་འགྲོ་མགོན་ཞལ་ལུང་བདུད་རྩིའི་ཆུ་རྒྱུན་བཅས་པོད་གཉིས་བཞུགས།
Synonyms གྲགས་པ་བློ་གྲོས།

{{#arraymap:འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས་

|; |@@@ | | }}