65114

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇོལ་མོ་དཀྱུས་ཀྱི་འགྲོས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། འཇོལ་མོ་དཀྱུས་ཀྱི་འགྲོས་ནི། སྒྲུབ་པ་བཀའ་བརྒྱད་ལས། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་བསྟན་པའི་སྐབས། སོར་བཞག་ལྷ་མིའི་ཐེག་པ་ནས་རྫོགས་ཆེན་ཨ་ཏི་ཡོ་གའི་བར་ཐེག་པ་རིམ་པ་དགུ་པོ་མཚོན་བྱེད་ཀྱི་དཔེ་རུ་དྲངས་པའི་རྟ་ཡི་འགྲོས་དགུ་ལས། བརྒྱད་པ་ཨ་ནུ་ཡོ་གའི་ཐེག་པ་མཚོན་བྱེད་ཀྱི་དཔེ་སྟེ། བཀའ་བརྒྱད་རྣམ་བཤད་ལས། བརྒྱད་པ། འཇོལ་མོ་དཀྱུས་ཀྱི་འགྲོས་ཞེས། རྟ་ཤིན་ཏུ་མགྱོགས་པར་རྒྱུག་ཆུང་བྱས་ཏེ་འགྲོ་བ་ནི། ལྡིང་འགྲོས་ལས་ཀྱང་ས་ཆོད་ཆེ་ཞིང་མགྱོགས་པ་ལྟར། ཨ་ནུའི་ཐེག་པ་ནི་ཕྱི་སྤྲོས་བཅས་བསྐྱེད་རིམ་གྱི་ངལ་བ་མི་དགོས་པར་རྒྱུ་དག་པའི་དབྱིངས་ནས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤར་བའི་ཚུལ་དུ་རང་གི་ཕུང་ཁམས་རྣམས་གདོད་ནས་དག་པའི་སངས་རྒྱས་ཀྱི་ངོ་བོར་ཤེས་ནས་དབྱིངས་ཡེ་དབྱེར་མེད་བདེ་བ་ཆེན་པོའི་དེ་ཉིད་ལམ་དུ་བྱེད་པའི་ཐབས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་ལམ་བགྲོད་པ་འོག་མ་བས་ཆེས་མྱུར་བའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:འཇོལ་མོ་དཀྱུས་ཀྱི་འགྲོས་

|; |@@@ | | }}