6691

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉེར་པ་བློ་བཟང་སྦྱིན་པ་ (1)
Part of speech མིང་ཚིག
Definition འཁྲུངས་ལོ་མི་གསལ། གཞོན་དུས་ཀྱི་མཛད་སྤྱོད་གསལ་པོ་ཞིག་མ་རྙེད། རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་ཡིན་པས་མི་འཇོན་ཐང་ཅན་ཞིག་ཡིན་པར་གདོན་མི་ཟ། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཕྱི་ལོ་ ༡༦༧༥ ལོའི་ཧོར་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དུ་བསྐོ་བཞག་མཛད། རབ་བྱུང་བཅུ་གཅིག་པའི་མེ་སྤྲུལ་ཕྱི་ལོ་ ༡༦༧༧ ལོར་འབའ་ཆོས་སྡེར་དགེ་འདུན་སུམ་བརྒྱ་སྐོར་ལ་སྔར་ཡོད་ཕོགས་ཐོབ་ཐོག་ཏུ་འཕར་སྣོན་མཆོད་གཞིས་སྦྱོར་འཇགས་དང་། ཁྲལ་མི་རྣམས་ལ་ཁྲག་གསོ་ཁུངས་འཇུག་མཛད། རབ་བྱུང་བཅུ་གཅིག་པའི་ས་ལུག་ཕྱི་ལོ་ ༡༦༧༩ ལོར་བོད་ཟླ་ལྔ་པའི་ནང་སྡེ་སྲིད་ཀྱི་གོ་གནས་ལས་དགོངས་ཞུ་མཛད། ཕོ་བྲང་གཞུང་ནས་སྡེ་སྲིད་ཟུར་པའི་གོ་གནས་དང་སྐུ་སྐལ་དུ་སྣེ་གདོང་བསྩལ། དགའ་ལྡན་ཕོ་བྲང་ལ་ཞབས་ཏོག་ལོ་ལྔའི་ཞིང་བསྒྲུབས། ལྷ་སའི་དགའ་ལྡན་ཁང་གསར་དུ་རྒྱུན་བཞུགས་མཛད། དགའ་ལྡན་ཕོ་བྲང་གི་སྡེ་སྲིད་བཞི་པ་ཡིན།
Synonyms སྣེ་གདོང་བློ་བཟང་སྦྱིན་པ།

{{#arraymap:གཉེར་པ་བློ་བཟང་སྦྱིན་པ་

|; |@@@ | | }}