67355

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་མཆོག་རྡོ་རྗེ་ (1)
Part of speech མིང་ཚིག
Definition སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་བཅུ་གསུམ་པ། རབ་བྱུང་བཅུ་གཉིས་པའི་ས་འབྲུག་ཕྱི་ལོ་ ༡༦༨༨ ལོར རྩེ་ཞབས་དྲུང་བཀྲ་ཤིས་ཆོས་སྐྱོང་གི་སྲས་སུ་ཀླུ་ལྡིང་དུ་སྐུ་འཁྲུངས། གཏེར་ཆེན་བསམ་གཏན་གླིང་པས་མཚན་ལ་འཕགས་མཆོག་རྡོ་རྗེ་ཞེས་གསོལ། པད་རྒྱལ་སྤྲུལ་སྐུ་དང་སློབ་དཔོན་ཚུལ་བཟང་བ་ལས་རིག་པའི་གནས་ལ་སྦྱང་པ་མཛད། རྗེ་དྲུང་གྲགས་པ་ལེགས་གྲུབ་ལས་རབ་བྱུང་བསྙེན་རྫོགས་མནོས་པའི་མཚན་ལ་འཕགས་པ་བཀྲ་ཤིས་དབང་རྒྱལ་ངག་དབང་གྲགས་པ་དམ་ཆོས་འཕྲིན་ལས་ཕུན་ཚོགས་སུ་བཏགས་ནས་རང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་བསྩལ། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ་དང་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན། གཏེར་སྟོན་བསམ་གཏན་གླིང་པ་སོགས་ལས་ཟབ་ཆོས་མང་དུ་ཞུས་ཏེ་སྒྲུབ་ལ་གཞོལ། ཡབ་མཚོ་སྔོན་ཁར་ཕེབས་རིང་རྩེ་བླ་བྲང་གི་ཆོས་སྲིད་བསྐྱངས། པད་རྒྱལ་སྤྲུལ་སྐུ་གཤེགས་རྗེས་གྲྭ་ཚང་བླ་མའི་ཁྲིར་བཞུགས་ཀྱང་། གྲྭ་ཚང་ལ་ཕན་པ་དེ་ཙམ་མེད་ཁར་རྗེ་ཉིད་ཐུགས་སུན་པར་བྱུང་། ཡབ་སྐུ་གཤེགས་རྗེས། མཚོ་མཁའི་རྒྱལ་པོ་ཇུ་ནང་གིས་བཀའ་ལྟར། ཡང་དགོན་དུ་རི་ཆེ་ཆོས་རྗེ་རིམ་པའི་ཁྲི་ལ་བཞུགས། ཆོས་སྲིད་ཀྱི་འཕྲིན་ལས་རྒྱས་པར་བརྟེན། གོང་མ་གཡུང་ཏྲིང་གིས་ནོ་མི་ཧན་གྱི་མཚན་བསྟོད་དང་རྒྱ་བོད་མན་ཇུ་གསུམ་གྱི་ཡེ་གེས་བྲིས་པའི་ཐམ་ཀ་སོགས་ཟང་ཟིང་གི་ལེགས་སྐྱེས་མང་པོ་ཞིག་ཀྱང་གསེར་ཡིག་ཆེད་མངགས་ཀྱིས་འབུལ་བསྐུར་ཞུས། མཐར་ཆུ་ཡོས་ཕྱི་ལོ ་༡༧༢༣ ལོར་སྐུ་གཤེགས།

{{#arraymap:འཕགས་མཆོག་རྡོ་རྗེ་

|; |@@@ | | }}