67889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབང་རོམ་དར་མ་དབང་ཕྱུག་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་མེ་ལུག་ཕྱི་ལོ ༡༡༢༧ ལོར་འཕན་ཡུལ་གྱི་དཀའ་བ་ཡུལ་སྣར་ཡབ་སྟོན་པ་འབྱུང་གནས་བློ་གྲོས་དང་། ཡུམ་ཇོ་མོ་ལོ་ཆུང་མ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་འབུམ་སྐྱབས་ཞེས་ཞུ། དགུང་ལོ་བརྒྱད་པར་མཁན་པོ་ཀ་བ་དར་མ་སེང་གེ་དང་། སློབ་དཔོན་དབང་ཕྱུག་གཞོན་ནུ་གཉིས་ལས་རབ་ཏུ་བྱུང་། མཚན་ལ་དར་མ་དབང་ཕྱུག་ཅེས་སྩལ། དགེ་བཤེས་བྱ་ཡུལ་བ་དང་། པོ་ཏོ་བའི་བུ་ཆེན་གྲུ་འབུ་ལུང་པ་གཉིས་ལས་བཀའ་གདམས་ཀྱི་ཆོས་སྐོར་རྣམས་གསན། ཉེར་གཅིག་པར་སངས་རྒྱས་སྒོམ་པ་རོགས་ལ་ཁྲིད་ནས་རྗེ་སྒམ་པོ་བ་དང་མཇལ། བཀའ་བརྒྱུད་ཀྱི་ཆོས་རྣམས་ཞུས། ཉེར་བརྒྱད་པར་བྱང་འབའ་རོམ་རྫ་དེ་ལ་འུ་རིན་ཆེན་སྤུངས་པ་ལ་ཕེབས། སྒོམ་སྒྲུབ་ལོ་ངོ་བདུན་རིང་མཛད། ཏིང་ངེ་འཛིན་གྱིས་དངོས་སུ་འཚོ་བ་བྱུང་། ཁམས་སུ་དཔོན་ཆེན་ཡེ་ཤེས་གསལ་གྱིས་ཞབས་ཏོག་མཛད། ཀོ་མཚོ་དང་ལོ་སྡེའི་དགོན་པ་བཏབ། སླར་བྱང་འབའ་རོམ་དུ་བྲག་དམར་གྱི་ལོགས་སུ་འབའ་རོམ་དགོན་པ་བསྐྲུན། རིན་པོ་ཆེ་སྟག་ལུང་བ་དང་འབྲི་གུང་ཆོས་རྗེ་སོགས་ལ་ཆོས་འབྲེལ་མང་དུ་ཞུས། སློབ་མའི་ཚོགས་པ་བསྐྱངས་། འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་ཆེན་ཕྱེས། རབ་བྱུང་གསུམ་པའི་ས་ལུག་ཕྱི་ལོ ༡༡༩༩ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྩེ་བྲོམ་དབང་ཕྱུག་སེང་གེ། བྲག་ཀ་ཇོ་བཙུན། བླ་ཆེན་ལྷ་པ། སྟོན་པ་རིན་ཆེན་བླ་མ། བྲག་ཀ་ལྷ་སྟོན། སྒོམ་པ་གཟོན་ནུ་བུ་གྲགས། ཁྱི་མཉེས་ཨཱརྱ་དེ་ཝ། ལྷ་རྗེ་བློ་གྲོས་བཅས་ཡིན། གསུང་རྩོམ་ནི་བཀའ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་སོགས་མགུར་ཆེན་ཉེར་དགུའི་སྐོར་སོགས་མང་། རྗེ་སྒམ་པ་པའི་སློབ་མ་བརྒྱུད་པ་འཛིན་པ་བཞིའི་ཡ་གྱལ་ཞིག་ཡིན།

{{#arraymap:འབང་རོམ་དར་མ་དབང་ཕྱུག་

|; |@@@ | | }}