68160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབུལ་སྡུད་རྡོ་རྗེ་འཆང་ (1)
Part of speech མིང་ཚིག
Definition ཁོང་གི་མཚན་གཞན་ལ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཟེར། ཁོང་ནི་རབ་བྱུང་བཅོ་ལྔ་བའི་སྟོད་ཙམ་དུ་ཁམས་དར་རྩེ་མདོར་ཡབ་བྱང་ཆུབ་རྒྱལ་མཚན་དང་ཡུམ་དཔལ་འཛོམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། མཁན་ཆེན་བསྟན་པ་ཆོས་འཕེལ་རྒྱ་ནག་ཏུ་ཀུན་གླིང་སྦ་ཡེར་མཁན་པོར་ཕེབས་ནས་ཡར་ལམ་དར་རྩེ་མདོ་བརྒྱུད་ནས་ཕེབས་སྐབས། ཡབ་ཡུམ་གཉིས་ལ་བསླང་སྟེ་མཁན་ཆེན་དང་མཉམ་དུ་དབུས་སུ་ཕེབས་ཏེ། སྒོ་མང་གི་ཆོས་གྲྭར་ཞུགས་ནས་ཐུགས་གཉེེར་མི་དམན་པ་གནང། མཁན་ཆེན་གྱི་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར་ནས་མཁས་བཙུན་བཟང་གསུམ་འཛོམས་པའི་སྙན་གྲགས་ཀྱིས་ས་སྟེང་ཡོངས་ལ་ཁྱབ། དགེ་བཤེས་དམ་འཇོག་གྲུབ་རྗེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེ་ལ་སྦྱངས་པ་མཐར་ཕྱིན་མཛད། ༸གོང་ས་བཅུ་གསུམ་པས་གདན་གསུམ་རྒྱུད་གྲྭ་དང་བཅས་པའི་མཁན་བླ་ལས་ཟུར་དང། གདན་སའི་དགེ་བཤེས་གྲགས་ཅན་རྣམས་ལ་རྩོད་རྒྱུགས་བཞེས་པར་ཡང་དང་པོར་ཐོན། གསུང་སྐྱེས་སློབ་མ། སྲིད་སྐྱོང་སྟག་བྲག་དང། རྟ་ཚག་སྐུ་ཕྲེང་བཅུ་གཉིས་པ། ཁང་གསར་རྡོ་རྗེ་འཆང། ཡོངས་འཛིན་གླིང་ཁྲི་རྣམ་གཉིས་སོགས་སྐབས་དེའི་གདན་ས་གསུམ་སོགས་ཀྱི་མཁན་ལས་ཟུར་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོ་མཐའ་ཡས་པས་ཞབས་ལ་གཏུགས། མྱ་ངན་ལས་འདའ་བར་ཉེ་བ་ན་སྐུ་གསུང་ཐུགས་རྟེན་གྱི་རིགས་གང་ཡོད་ཧོར་མི་ཚན་ལ་ཕུལ་ཞིང། སྐུ་ལ་གསོལ་བའི་ན་བཟའ་ཚུན་ཆད་སློབ་མ་སོགས་ལ་བསྩལ་ནས་བདག་ཏུ་བཟུང་བའི་རྫས་ཁབ་སྐུད་ཙམ་ཡང་མེད་པར་མཛད་དེ། རབ་བྱུང་བཅོ་ལྔ་བའི་ས་རྟ་ཕྱི་ལོ་༡༩༡༨ལོར་ཞི་བར་གཤེགས། གསུང་རྩོམ་པོད་གཅིག་བཞུགས།

{{#arraymap:འབུལ་སྡུད་རྡོ་རྗེ་འཆང་

|; |@@@ | | }}