68161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབུལ་སྡུད་སྤྲུལ་སྐུ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་སྨད་དུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་བཅས་ལ་བྱང་བར་མཛད། གྲྭ་ས་ཆེན་པོ་ལས་གཞུང་ཆེན་བཀའ་པོད་ལྔ་དང་། གསང་ཆེན་རྒྱུད་སྡེ་བཞི་ལ་མཁས་པར་སྦྱངས། རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ཕྱི་ལོ ༡༩༠༣ ལོར་རོང་ཐ་དམ་ཆོས་རྒྱ་མཚོ་ལས་རྩིས་རིག་སོགས་གསན། བོད་ཁམས་སུ་མདོ་སྔགས་ཆོས་ཀྱི་འཁོར་བསྐོར། སྐུ་ཚེའི་སྨད་དུ་ལྷ་ལྡན་ཀུན་བདེ་གླིང་དུ་བཞུགས། སྒོམ་སྒྲུབ་ཉམས་ལེན་བརྩོན་མུར་སྐུ་གཤེགས། འདས་ལོ་མི་གསལ། གསུང་རྩོམ་ནི་མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ་གྱི་རྣམ་ཐར་བྱིན་རླབས་བདུད་རྩིའི་བུམ་བཟང་དང་། བ་སོ་རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་སྲིད་ཞིའི་མཛེས་རྒྱན། མངོན་རྟོགས་རྒྱན་གྱི་བསྡུས་དོན་ས་བཅད། དབུ་མ་འཇུག་པའི་ས་བཅད། རི་ཁྲོད་དགེ་འཕེལ་བསམ་གཏན་གླིང་གི་གསུང་རྒྱུན་ལྟར་སྦྱོར་ཆོས་ནག་འགྲོས་སུ་བཀོད་པ་བཅས་པོད་གཅིག་བཞུགས།

{{#arraymap:འབུལ་སྡུད་སྤྲུལ་སྐུ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་

|; |@@@ | | }}