685

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་ཐེག་མཆོག་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་ལུག་ཕྱི་ལོ་ ༡༧༩༩ ལོར་མདོ་ཁམས་ཟལ་མོ་སྒང་གི་ཟླ་ནང་དུ་ཡབ་མགོན་པོ་ལྷ་དང་དང་། ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། འབྲུག་ཆེན་ཆོས་ཀྱི་སྣང་བས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང། མཚན་ཐེག་མཆོག་རྡོ་རྗེ་ཞེས་སྩལ། བསུ་བ་རྒྱ་ཆེར་དང་བཅས་ཀརྨ་དགོན་དུ་ཕེབས། སི་ཏུ་པདྨ་ཉིན་བྱེད་དབང་པོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། གསང་སྔགས་གསར་རྙིང་གི་སྨིན་གྲོལ་ཟབ་རྒྱས་རྣམས་རིམ་བཞིན་གསན། བོད་ཀྱི་སྐྱེ་འགྲོ་ཐམམས་ཅད་འབྲེལ་ཚད་དོན་ལྡན་དུ་མཛད་ནས་མཚུར་ཕུར་ཕེབས། འབྲུག་ཆེན་ཆོས་ཀྱི་སྣང་བ་དང་སི་ཏུ་པདྨ་ཉིན་བྱེད་དབང་པོ་གཉིས་ལས་བསྙེན་པར་རྫོགས། བཤེས་གཉེན་མང་པོ་ལས་ཕྱི་ནང་ཐུང་མོང་གི་རིག་གནས་ཀུན་ལ་སྦྱངས། སྡེ་སྣོད་གསུམ་ལ་འཆད་རྩོད་རྩོམ་པ་དང་། ཟབ་ལམ་རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱས། གཙུག་ལག་ཁང་གི་ཞིག་གསོ་དང་། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ས་ག་ཟླ་བའི་ཚེས་བཞི་ལ་གསང་འདུས་དང་། རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གར་འཆམ་ཆེན་མོ་བཙུགས་། བོད་ཁམས་ཀྱི་གནས་རི་དང་སྡེ་དགོན་ཕལ་ཆེར་ཞབས་ཀྱིས་བཅགས། བསྟན་འགྲོའི་བྱ་བས་དུས་འདས། རྒྱལ་ཚབ་ཏུ་འབྲུག་ཆེན་མི་ཕམ་ཆོས་ཀྱི་རྒྱ་མཚོ་མངའ་གསོལ། རབ་བྱུང་བཅོ་ལྔ་པའི་ས་སྦྲུལ་ཕྱི་ལོ ༡༨༦༩ ལོར་སྐུ་གཤེགས། སློབ་མ་ནི་འབྲུག་ཆེན་འཇིགས་མེད་མི་འགྱུར་དབང་རྒྱལ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཆོག་གྱུར་གླིང་པ། དཔའ་བོ་གཙུག་ལག་ཉིན་བྱེད། སི་ཏུ་པདྨ་ཀུན་བཟང་། རྒྱལ་ཚབ་ཡེ་ཤེས་བཟང་པོ། ངེས་དོན་བསྟན་པ་རབ་རྒྱས། ཆགས་སྤྲུལ་གསང་སྔགས་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀླུ་འབུམ་དགེ་བཤེས་སོགས་མང་། ཀརྨ་པ་སྐུ་འཕྲེང་བཅུ་བཞི་པ་ཡིན། མཚན་གཞན། ཐེག་མཆོག་རྡོ་རྗེ།

{{#arraymap:ཀརྨ་ཐེག་མཆོག་རྡོ་རྗེ་

|; |@@@ | | }}