68723

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་ལྗོངས་ཀཿཐོག་དགོན་ (1)
Part of speech མིང་ཚིག
Definition བླ་མ་ཀཿཐོག་པ་ཀུན་ཏུ་བཟང་པོས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་ཕྱི་ལོ ༡༦༤༢ ཀཿཐོག་དགོན་བཏབ། རྗེས་ནས་གོར་ཥའི་དམག་གིས་དགོན་པ་གཏོར་བཤིག་བཏང་། དེ་ནས་དགོན་པ་སྤོས་ཏེ་ད་ལྟའི་དཔའ་རྐྱང་ཀཿཐོག་དགོན་པ་འདི་ཉིད་ཆགས་པ་ཡིན་ལ། ཤར་ཀཿཐོག་རྡོ་རྗེ་གདན་དང་ཐག་རིང་དྲགས་པས་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་རྣམས་མ་དགོན་དང་འདྲ་མཚུངས་མ་བྱུང་བར། སྨིན་གླིང་རྡོར་སེམས་དང་། མངའ་རིས་གཏེར་སྟོན་གར་དབང་ཟླ་བ་རྒྱལ་མཚན་གྱི་གཏེར་མ་ཕུར་པ་ཞིག་འདོན་སྲོལ་མཆིས་ཀྱང་དེའི་དབང་ལུང་རྒྱུན་ཆད་ནས་ལོ་མང་སོང་། ཀཿཐོག་སི་ཏུ་རིན་པོ་ཆེ་རྒྱ་གར་གནས་གཟིགས་ཕེབས་སྐབས་དགོན་པའི་དབུ་ཆོས་རྣམས་ཞབས་བཅར་ཞུས་ཏེ། ད་ནས་བཟུང་ཀཿཐོག་མ་དགོན་རང་ནས་འཛིན་སྐྱོང་གནང་རོགས་ཞེས་ཞུ་མན་ཕུལ་བར། སི་ཏུ་རིན་པོ་ཆེས་འགན་བཞེས་ཏེ་བྱ་བྲལ་སངས་རྒྱས་རྡོ་རྗེ་ལ་ཁྱེད་འབྲས་ལྗོངས་ཕྱོགས་སུ་འགྲོ་བ་ཤར་ཚེ་དཔའ་རྐྱང་ཀཿཐོག་དགོན་པར་ཆེད་བསྐྱོད་ཀྱིས་ཆོས་ཕྱོགས་ནས་རོགས་ཕན་གང་དྲགས་བྱེད་དགོས་ཞེས་བཀའ་བྲིས་ངོས་སྦྱོར་ཕྱག་རྟགས་བཅས་བསྩལ། རྗེས་མ་ཁོང་གིས་གྲྭ་ཚང་སྤྱི་ལ་ཀཿཐོག་རང་ལུགས་སྐུ་གསུམ་ཞི་ཁྲོ། བདུད་འདུལ་ཕུར་པ། ཞི་ཁྲོ་དགོངས་པར་རང་གྲོལ། ཀློང་གསལ་ཚེ་སྒྲུབ་སོགས་ཀྱི་སྨིན་གྲོལ་ལུང་དང་ཆོ་གའི་ཕྱག་ལེན་འབུད་དཀྲོལ་བརྡུང་གསུམ་གཏོར་བཟོ་དཀར་རྒྱག་བཅས་གསར་དུ་བསླབས།

{{#arraymap:འབྲས་ལྗོངས་ཀཿཐོག་དགོན་

|; |@@@ | | }}