68746

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་དང་པོ་ (1)
Part of speech མིང་ཚིག
Definition དྲུང་གྲགས་པ་རིན་ཆེན་མཆོག་ནི། འཇམ་མགོན་ཙོང་ཁ་པ་ཆེན་པོའི་དངོས་སློབ་གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་བརྒྱད་དམ་བཅུ་གཉིས་ཀྱི་ནང་ཚན་བྱང་གླིང་བ་གྲགས་པ་རིན་ཆེན་ཞེས་གྲགས་པ་དེ་ཉིད་ཡིན་ལ། དམ་པ་འདི་ཉིད་ནི་དེ་དུས་ཀྱི་ཆོས་གྲྭ་ཆེན་པོ་གསང་བདེ་གུང་གསུམ་སོགས་སུ་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དུ་མ་གཙུག་ཏུ་བསྟེན་ཏེ། འཕགས་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཇི་སྙེད་པ་དང་། ལྷག་པར་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོས་མཛད་པའི་གསུང་རབ་སྟེ། མདོར་ན་མདོ་དང་སྔགས་ཀྱི་བཤད་སྲོལ་མཆིས་སོ་ཅོག་ཐམས་ཅད་སྟོན་དུས་ནམ་མཁའ་གཡའ་དག་པ་ལ་སྐར་ཚོགས་བཀྲ་བ་ལྟར་དམ་པ་ཉིད་ཀྱི་ཐུགས་ལ་ལྷང་ངེར་འཆར་བས་ན། རྗེ་ཡི་བུ་སློབ་འཕགས་ཡུལ་པཎ་གྲུབ་ལའང་ཅོ་འདྲི་བ་ལྟ་བུ་རྣམས་ཀྱི་ཁྲོད་དུ་གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་ཞེས་བསྔགས་པའི་མེ་ཏོག་གི་ཕྲེང་བ་རྣམ་དཔྱོད་མགུལ་དུ་བཀླུབས་པར་གྱུར། དམ་པ་འདི་ཉིད་སྒོ་མང་གྲྭ་ཚང་གི་ཐོག་མའི་སློབ་དཔོན་དུ་ཕེབས་ནས་འཕགས་བོད་གཞུང་ལུགས་རྒྱ་མཚོ་ལྟ་བུར་འཆད་ཉན་རྒྱ་ཆེ་ཡུན་རིང་བསྐྱངས་པའི་མཛད་རྗེས་བླ་མེད་བཞག་གནང་མཛད་པའི་སྲོལ་ལྟར། སྒོ་མང་རྣམས་ལེགས་བཤད་གསེར་གྱི་ཕྲེང་བས་ལྡེ་མིག་བྱས་ཏེ་མདོ་སྔགས་ཀྱི་ནང་རིག་གཞུང་ཆེན་ཁག་ལའང་ཆེས་འདྲིས་ཆ་ཆེ་བར་མཛད་པའི་སྲོལ་ཚུགས་པ་རྒྱུན་ཆགས་སུ་གནས་ཤིང་། མཐར་མཁས་མཆོག་སྒ་ལེབ་པ་སློབ་དཔོན་དུ་བསྐོས་ནས་རང་ཉིད་ཟུར་བཞུགས་མཛད་དེ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་དངོས་སློབ་ལྷ་གཟིགས་གྲགས་པ་རྒྱ་མཚོས་ཕྱག་བཏབ་པའི་མལ་གྲོ་ཆ་དཀར་དགོན་དུ་གདན་ཞུས་ཀྱིས་གནས་དེར་ཡང་འཆད་ཉན་བསྐྱངས་ཏེ་བཞུགས།
Domain ལོ་རྒྱུས།

{{#arraymap:འབྲས་སྒོ་མང་གདན་རབས་དང་པོ་

|; |@@@ | | }}