68848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་གུང་ཆོས་ཀྱི་རྒྱལ་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཤིང་ཕག་ཕྱི་ལོ ༡༣༣༥ ལོར་འབྲི་གུང་སྨད་འཇོན་མར་ཡབ་ཀུན་དགའ་རྒྱལ་མཚན་དང་། ཡུམ་དབུར་པ་དར་འཇམ་གཉིས་ཀྱི་སྲས་སུ་འཁྲུངས། བརྒྱད་པར་འབྲི་གུང་རྡོ་རྗེ་རྒྱལ་པོ་ལས་རབ་ཏུ་བྱུང་། མཚན་ལ་འཛམ་གླིང་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། དགུ་པར་འདུལ་འཛིན་རིན་ཆེན་རྒྱལ་མཚན་དང་། ཆོས་སྒོ་བ་གཞོན་ནུ་དཔལ་གཉིས་ལས་དགེ་ཚུལ་བསྒྲུབས། བཅུ་གཅིག་པར་འབྲི་གུང་རྡོ་རྗེ་རྒྱལ་པོ་ལས་བཀའ་བརྒྱུད་གོང་མའི་གདམས་ངག་མ་ལུས་གསན། བཅུ་བདུན་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སར་བཞུགས། ཉི་ཤུ་བར་ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ལས་བསྙེན་པར་རྫོགས། འདུལ་གཞུང་བཅས་ལ་གསན། སློབ་དཔོན་ཆོས་ཀྱི་རྒྱལ་མཚན་དང་། བདེ་ལེགས་བཟང་པོ། གཡག་སྡེ་པཎ་ཆེན། རྩེ་ཆེན་དོན་གྲུབ་དཔལ་བཟང་། ལོ་ཆེན་ཚུལ་ཁྲིམས་མགོན་པོ། འཇམ་དབྱངས་བསོད་ནམས་རྒྱལ་མཚན་སོགས་བསྟེན། མདོ་སྔགས་རིག་གནས་མ་ལུས་སྦྱངས། ཉེར་དགུ་བར་དྭགས་ཀོང་སོགས་སུ་ཕེབས། བཀའ་འགྱུར་དང་། བསྟན་འགྱུར། བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་བཅས་བཞེངས། རེ་གཅིག་པར་འབྲི་གུང་གི་གདན་ས་ཆོས་རྗེ་དོན་གྲུབ་རྒྱལ་པོར་གཏད། དོན་གསུམ་པར་རབ་བྱུང་བདུན་པའི་མེ་ཕག་ཕྱི་ལོ ༡༤༠༧ ལོར་འབྲི་གུང་དུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ལ་ཕྱི་ནམ་མཁའ་རྒྱལ་མཚན་དང་། སྨན་སྒོམ་འོད་ཟེར་སེང་གེ ས་བཟང་འཕགས་པ། འབྲི་གུང་ལོ་ཙཱ་བ། རྗེ་བཙུན་བློ་བཟང་གྲགས་པ་རྣམས་ཡིན། གསུང་རྩོམ་ནི་ལྔ་ལྡན་ནོར་བུའི་ཕྲེང་བ་དང་། ལྷན་ཅིག་སྐྱེས་སྦྱོར། ཆོས་དྲུག་གི་ཁྲིད་ཡིག ཡེ་ཤེས་མགོན་པོ། ཨ་ཕྱིའི་སྒྲུབ་ཐབས། རྟོགས་བརྗོད། ཉམས་མགུར་སོགས་མཛད། འབྲི་གུང་བྱང་ཆུབ་གླིང་གི་མཁན་རབས་བཅུ་པ་ཡིན མཚན་གཞན། འཛམ་གླིང་ཆོས་ཀྱི་རྒྱལ་པོ། ཉེར་གཉིས་པ་ཆོས་ཀྱི་རྒྱལ་པོ།

{{#arraymap:འབྲི་གུང་ཆོས་ཀྱི་རྒྱལ་པོ་

|; |@@@ | | }}