68851

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་གུང་དོན་གྲུབ་རྒྱལ་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ས་བྱ་ཕྱི་ལོ ༡༣༦༩ ལོར་འབྲི་གུང་གཞུ་སྨད་འཇོན་མར་ཡབ་རྡོ་རྗེ་རྒྱལ་མཚན་གྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། དགུང་ལོ་དགུ་པར་ཕྱི་ནང་ཐུན་མོང་རིག་གནས་མཁས་པར་སྦྱངས། ཐོག་མར་བདག་ཡུམ་བཞེས། རིགས་སྲས་རིན་ཆེན་དབང་རྒྱལ་འཁྲུངས། ཕྱི་ནམ་མཁའ་རྒྱལ་མཚན་དང་། སློབ་དཔོན་རིན་ཆེན་རྒྱལ་མཚན། དུས་སྒོ་བ་བསོད་ནམས་རིན་ཆེན། གསང་སྟོན་པ་གྲགས་པ་གཞོན་ནུ་ལས་རབ་བྱུང་དང་། དགེ་སློང་གི་སྡོམ་པ་རྣམས་དཀྱུས་གཅིག་ཏུ་མནོས། མཚན་ལ་དོན་གྲུབ་རྒྱལ་པོ་ཞེས་སྩལ། མདོ་སྔགས་ཀྱི་གཞུང་མཁས་པར་སྦྱངས། འབྲི་གུང་ཆོས་ཀྱི་རྒྱལ་པོ་ལས་བཀའ་བརྒྱུད་གོང་མའི་གདམས་ངག་མ་ལུས་ཐུགས་འཛིན་མཛད། སོ་དགུ་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སར་བཞུགས། ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས། ཞེ་བཞི་པར་ཏཱ་མིན་གོང་མས་ཀྭན་ཏིང་ཏཱ་གུ་ཤྲཱིའི་ལང་དང་ཆོ་ལོ་ཕུལ། ནག་ཤོད་སོགས་ཆོས་འཁོར་བསྐོར། འབྲི་གུང་དུ་རྟེན་གསུམ་མང་དུ་བཞེངས། གྲུབ་རྟགས་མཐའ་ཡས་པ་བསྟན། ང་དགུ་པ་རབ་བྱུང་བདུན་པའི་མེ་ཕག་ཕྱི་ལོ ༡༤༢༧ ལོར་འབྲི་གུང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་གཅིག་པ་ཡིན། མཚན་གཞན། དོན་གྲུབ་རྒྱལ་པོ།

{{#arraymap:འབྲི་གུང་དོན་གྲུབ་རྒྱལ་པོ་

|; |@@@ | | }}