69375

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཚོ་སྨན་མཁན་པོ་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་ལྔ་པའི་སྨད་དུ་སྟོད་ལུང་གླང་གྲོང་དུ་འཁྲུངས། ཆུང་དུས་ནས་ཡིག་རྩིས་དང་། རིག་གནས་ཆུང་བའི་སྐོར་ལ་སྦྱངས། ཕྲག་དབེན་བསོད་ནམས་བཀྲ་ཤིས་དང་། རྒྱ་མ་འཚོ་བྱེད་བསམ་གྲུབ་མཆོག་ལྡན། བྱང་པའི་འཚོ་བྱེད་དཔལ་འབྱོར་བཀྲ་ཤིས། མངའ་རིས་ཆོས་སྐྱོང་རྒྱལ་མཚན། རྒྱ་མ་འཚོ་བྱེད་དབང་ཕྱུག་བློ་གྲོས། སྨན་པའི་རྒྱལ་པོ་དཀོན་མཆོག་དཔལ་བཟང་། ཀོང་པོ་བླ་ཆེན་ནམ་མཁའ་དཔལ་ལྡན་སོགས་བཤེས་གཉེན་རྣམས་བསྟེན། དཔལ་ལྡན་རྒྱུད་བཞིའི་ཆ་ལག་དམར་ཁྲིད་དང་བཅས་པར་མཁས་པར་སྦྱངས། ཉམས་ལེན་དངོས་ཀྱིས་ནད་མནར་འགྲོ་བའི་སྡུག་བསྔལ་ཞི་བར་མཛད། གསུང་རྩོམ་ནི་རྩ་བ་ཐུགས་ཀྱི་རྒྱུད་འགྲེལ་དཔག་བསམ་ལྗོན་ཤིང་དང་། ཁོག་འབུགས་ལེགས་བཤད་དངུལ་དཀར་མེ་ལོང་དང་། ཕྱི་རྒྱུད་འགྲེལ་བ་དཀའ་གནད་གསལ་སྒྲོན། རིགས་ལྔའི་གསལ་བྱེད་མེ་ཏོག་ཕྲེང་བ། གདམས་པ་ཐམས་ཅད་ཀྱི་ནང་ནས་ཆེས་ཟབ་པ་མན་ངག་ཀུན་གྱི་སྙིང་པོ་བསྡུས་པ་བཅས་བཞུགས། མཚན་གཞན། འཚོ་སྨན་མཁན་ཆེན། སྐ་བ་ཤཱཀྱ་དབང་ཕྱུག་ཀུན་དགའ་རྒྱལ་མཚན།

{{#arraymap:འཚོ་སྨན་མཁན་པོ་

|; |@@@ | | }}