69502

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛིན་ (1)
Part of speech བྱ་ཚིག
Definition ལག་པའམ་སྡེར་མོ་སོགས་ཀྱིས་དངོས་པོར་འཆང་བའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [གཟུང་།, གཟུང་བྱའི་གྲི]
Present [འཛིན།, འཛིན་བྱེད་ཀྱི་ལག་པ།]
Past [བཟུང་།, གཡུལ་གྱི་སར་དགོས་པའི་མཚོན་ཆ་ཆ་ཚང་བཟུང་ཡོད།]
Imperative [ཟུང་།, གཡུལ་དུ་མཚོན་ཟུང་ཞིག་ལྟ་བུ།]

{{#arraymap:འཛིན་

|; |@@@ | | }}

འཛིན་ (2)
Part of speech བྱ་ཚིག
Definition རིགས་དང་སྲོལ་སོགས་རྒྱུད་མཐུད་པར་བྱེད་པའི་དོན།
Future [གཟུང་།, ལེགས་པ་གཟུང་བྱའི་དམ་པའི་ལྷ་ཆོས།]
Present [འཛིན།, དམ་པའི་ཆོས་འཛིན་བྱེད་བཤད་པ་དང་སྒྲུབ་པ།]
Past [བཟུང་།, བསྟན་པ་བཟུང་ནས་བདེ་སྐྱིད་སྤེལ།]
Imperative [ཟུང་།, བླ་སྤྲུལ་རྣམས་ཀྱིས་བསྟན་པ་ཟུང་ལྟ་བུ།]

{{#arraymap:འཛིན་

|; |@@@ | | }}

འཛིན་ (3)
Part of speech བྱ་ཚིག
Definition གཅེས་ཉར་དང་བདག་པོ་བྱེད་པའི་དོན།
Future [གཟུང་།, ཕ་ནོར་བདག་ཏུ་གཟུང་དགོས།]
Present [འཛིན།, རང་ཉིད་གཅེས་འཛིན་བྱེད་པ།]
Past [བཟུང་།, རང་གཅེས་པར་བཟུང་བས་དཀའ་ངལ་མང་པོ་བྱུང་།]
Imperative [ཟུང་།, མེས་པོ་གོང་མའི་ཤུལ་བཞག་གཅེས་པར་ཟུང་ལྟ་བུ།]

{{#arraymap:འཛིན་

|; |@@@ | | }}

འཛིན་ (4)
Part of speech བྱ་ཚིག
Definition བྱ་བ་དང་དངོས་པོ་དག་གི་ཁྱད་པར་འབྱེད་པའི་དོན།
Future [གཟུང་།, ངོས་གཟུང་བྱའི་རྩྭ་སྨན་རྣམས།]
Present [འཛིན།, ཁོང་སྨན་ངོས་འཛིན་བྱེད་པ་ལ་ཧ་ཅང་མཁས།]
Past [བཟུང་།, སྨན་རྣམས་ངོས་བཟུང་ཟིན་པས་ད་སྡེབ་སྦྱོར་གྱིས།]
Imperative [ཟུང་།, མི་དེ་ངོས་ཟུང་ཞིག་ལྟ་བུ།]

{{#arraymap:འཛིན་

|; |@@@ | | }}

འཛིན་ (5)
Part of speech བྱ་ཚིག
Definition གཞུང་དོན་བློ་ལ་ལེན་པ་སོགས་ཀྱི་དོན།
Future [གཟུང་།, སང་ཉིན་དཔེ་ཆ་བློ་ལ་གཟུང་དགོས།]
Present [འཛིན།, བློ་ལ་འཛིན་བཞིན་པའི་སྐབས་སེམས་གཡེང་མི་རུང་།]
Past [བཟུང་།, གཞུང་མང་པོ་བློ་ལ་བཟུང་ཡོད་པས་རྩོད་པའི་སྐབས་ལེགས་པོ་བྱུང་།]
Imperative [ཟུང་།, དོན་ཟབ་མོ་རྣམས་ངེས་ཆེད་ཚིག་བློ་ལ་ཟུང་ལྟ་བུ།]

{{#arraymap:འཛིན་

|; |@@@ | | }}

འཛིན་ (6)
Part of speech བྱ་ཚིག
Definition བྱ་བ་གང་ཞིག་འགོ་བརྩམ་པའི་དོན།
Future [གཟུང་།, ལས་དོན་འགོ་གཟུང་དགོས།]
Present [འཛིན།, ལས་ཀའི་འགོ་འཛིན་ཁོང་ཡིན།]
Past [བཟུང་།, བྱ་བ་འགོ་བཟུང་།]
Imperative [ཟུང་།, ལས་འགོ་ཟུང་ཞིག་ལྟ་བུ།]

{{#arraymap:འཛིན་

|; |@@@ | | }}

འཛིན་ (1)
Part of speech མིང་ཚིག
Definition དངུལ་དང་ཅ་དངོས་སོགས་ཕར་སྤྲོད་ཚུར་ལེན་བྱས་པའི་བདེན་དཔང་གི་ཡིག་ཛར་ཏེ།
Example བྱུང་འཛིན། དངུལ་འཛིན། གཡར་འཛིན་ཞེས་པ་ལྟ་བུ།

{{#arraymap:འཛིན་

|; |@@@ | | }}