696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་པ་དེ་བཞིན་གཤེགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཤིང་བྱི་ཕྱི་ལོ་ ༡༣༨༤ ལོར་ཉར་ཡུལ་མྱང་འདམ་དུ་ཡབ་གུ་རུ་རིན་ཆེན་དང་། ཡུམ་ལྷ་མོ་སྐྱིད་གཉིས་སུ་འཁྲུངས། དགུང་ལོ་གསུམ་པར་སློབ་དཔོན་ལ་རང་རེ་རྒྱ་ནག་ཏུ་ཕྱིན་དུས་རྒྱལ་པོ་ཡུམ་སྲས་དང་བཅས་པར་དབང་གནང་ལུགས་དང་། འབུལ་བ་ཕུལ་ཚུལ་སོགས་གསལ་པོར་གསུངས། རྟོགས་ལྡན་མཁའ་སྤྱོད་པས་སྐུ་གོང་མའི་དབུ་ཞྭ་ཞྭ་ནག་ཕུལ་ནས་ཁོང་གི་དབུ་ལ་མནབས་པས་དབུ་ལ་ཆེ་ཆུང་མཚུངས་པར་གྱུར་པ་སོགས་ངོ་མཚར་གྱི་མཛད་པ་མང་། བཅུ་གཉིས་པར་མཚུར་ཕུའི་གདན་སར་ཕེབས། དབུས་གཙང་དང་མངའ་རིས་སོགས་ཀྱི་གདུལ་བྱ་རྣམས་སྨིན་པར་མཛད། ཚོགས་དགེ་འདུན་སྒང་དུ་སྡེ་སྣོད་འཛིན་པ་བརྒྱད་ཅུའི་དབུས་སུ་བསྙེན་པར་རྫོགས། བཀའ་བཞི་པ་རིན་ཆེན་དཔལ་སོགས་ལས་གཞུང་ལུགས་མཐའ་དག་སྦྱོར་ཚུལ་མཛད། གོང་མ་ཏཱ་མིང་རྒྱལ་པོས་གདན་འདྲེན་ཞུས་པ་ལྟར་གོང་མའི་ཕོ་བྲང་དུ་ཕེབས། རྒྱལ་བློན་འཁོར་བཅས་ལ་ཆོས་སྦྱིན་གནང་། གོང་མས་དེ་བཞིན་གཤེགས་པ་རིན་པོ་ཆེ་སངས་རྒྱས་ཞེས་བྱ་བའི་མཚན་གསོལ། གསེར་སྲང་བརྒྱ་ལས་བརྡུངས་པའི་འཇའ་ས་གཅིག ཤེལ་ཐམ་ཡིད་བཞིན་ནོར་བུ། གསེར་དང་དངུལ། ཙན་དན་བཅས་ལས་གྲུབ་པའི་ལྷ་སྐུ་མཆོད་ཆས་སོགས་བགྲང་གིས་མི་ལངས་བ་ཕུལ། ཉེས་ཅན་མང་པོ་བཙོན་གྲོལ་བཏང་། བསྟན་པ་ཤེད་སྤྱད་ཀྱི་ལུང་གི་འཇའ་ས་བསྒྲགས། བོད་དུ་ཕེབས་ཏེ་ཐོག་མར་ཀརྨ་དགོན་ལ་བྱོན། ཡུན་རིང་མ་བཞུགས་པར་དབུས་སུ་ཕེབས་སྐབས་བོད་ཀྱི་མི་ཆེན་བླ་དཔོན་དང་། སློབ་དཔོན་དགེ་བའི་བཤེས་གཉེན་སོགས་ཀྱིས་བསུ་བ་རྒྱ་ཆེར་མཛད། ཇོ་བོ་རིན་པོ་ཆེ་ལ་མུ་ཏིག་གི་རྣམ་སྦྱར་གསོལ། མཚུར་ཕུར་བཀའ་འགྱུར་བཞེངས། བོད་ཀྱི་གནས་རི་གྲགས་ཆེན་རྣམས་སུ་ཞབས་ཀྱིས་བཅགས། སྐུ་ཚེ་གང་བོར་བསྟན་འགྲོའི་བྱ་བ་འབའ་ཞིག་བསྒྲུབས། རབ་བྱུང་བདུན་པའི་ཤིང་ལུག་ཕྱི་ལོ ༡༤༡༥ ལོར་སྐུ་གཤེགས། ཀརྨ་པ་སྐུ་ཕྲེང་ལྔ་བ་ཡིན། སློབ་མ་གྲགས་ཆེ་བ་ནི་གུ་ཤྲཱི་སངས་རྒྱས་རིན་ཆེན་དང་། གུ་ཤཱི་བློ་གྲོས་རྒྱལ་མཚན། གུ་ཤཱི་རིན་ཆེན་དཔལ། གུ་ཤཱི་དོན་གྲུབ་འོད་ཟེར། གུ་ཤཱི་ཆོས་ཀྱི་རྒྱལ་མཚན། གུ་ཤཱི་ཤཱཀྱ་བཟང་པོ། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་བཅས་ཡིན། མཚན་གཞན། དེ་བཞིན་གཤེགས་པ་རིན་པོ་ཆེ་སངས་རྒྱས།

{{#arraymap:ཀརྨ་པ་དེ་བཞིན་གཤེགས་པ་

|; |@@@ | | }}