69812

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོ་འཚོ་བྱེད་བློ་གྲོས་བརྟན་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དྲུག་པའི་དཀྱིལ་དུ་སྐྱིད་ཤོད་དུ་འཁྲུངས། ཆུང་དུས་ནས་ཡིག་རྩིས་བཅས་ལ་མཁས་པར་སྦྱངས། དགེ་ལྡན་པའི་ཆོས་སྒོར་ཞུགས་། བྱང་ཆུབ་ལམ་རིམ་སོགས་ལེགས་པར་བསླབས། མང་ཐོས་ཟླ་བའི་དབང་པོ་ཡུན་རིང་བསྟེན། གསོ་རིག་གི་གཞུང་ལུགས་སྤྱི་དང་། སྒོས་སུ་ཞལ་ཤེས་མན་ངག་དང་བཅས་པར་སྦྱངས། སྡེ་བ་སྐྱིད་ཤོད་པའི་བླ་སྨན་མཛད་ནས་རིན་ལྡིངས་སུ་བཞུགས། སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་བ་ནི་དྲང་སྲོང་བསྟན་འཛིན་རྒྱལ་པོ་ཡིན། གསུང་རྩོམ་ནི་ཕྱི་རྒྱུད་དཀའ་འགྲེལ་གསལ་བའི་མེ་ལོང་དང་། སྨན་གྱི་ཆོས་འབྱུང་དྲང་སྲོང་དགོངས་རྒྱན་བཅས་བཞུགས། མཚན་གཞན། རིན་ལྡིངས་བློ་བཟང་རྒྱ་མཚོ།

{{#arraymap:འོ་འཚོ་བྱེད་བློ་གྲོས་བརྟན་པ་

|; |@@@ | | }}